འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅༎ཀྲུང་གོའི་གྲོང་གསེབ་ཀྱི་ལག་ལེན་རྣམ་གྲངས་2019ལོའི་ཧྲོའར་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ལོ་གཉིས་
རེའི་འགྲེམས་སྟོན་ཐོག་སྟོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཀྲུང་གོའི་འཛུགས་སྐྲུན་ལྟེ་གནས་ཀྱིས་2019ལོའི་ཧྲོའར་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ལོ་གཉིས་རེའི་འགྲེམས་སྟོན་ནང་ཞུགས་ཏེ་དེ་ཉིན་ལག་ལེན་རྣམ་གྲངས་སྟོན་པ་དང་། ཚོགས་ཆུང་གཉིས་ཀྱི་ལག་ལེན་ཀྲུང་གོའི་གྲོང་གསེབ་——ཅང་ཤིས་ཞིང་ཆེན་ཝང་ཨན་རྫོང་ཤ་མོ་ཐང་གྲོང་ཚོའི“ཤ་མོ་ཐང”དང་ཀུའེ་ཀྲོའུ་ཞིང་ཆེན་ལྷོ་ནུབ་ཀྲོའུ་ལུའོ་ནཱ་གྲོང་ཚོའི“ལུའོ་ནཱ་རྒྱལ་སྤྱིའི་ཇུས་འགོད་མཁས་ཅན་གྱི་ཀུང་ཧྲེ”སོ་སོར་གཞི་ཚུགས་ཡོད། འགྲེམས་སྟོན་གྱི་བརྗོད་དོན་གཙོ་བོ་ནི“བར་མཐོངས་ཀྱི་རིན་ཐང་གསར་གཏོད”ཅེས་པ་དེ་རེད། 2019ལོའི་ཧྲོའར་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ལོ་གཉིས་ཀྱི་འགྲེམས་སྟོན་ཟླ་9ཚེས་7ཉིན་འགོ་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་གསར་གཏོད་འཕེལ་རྒྱས་སྐོར་གྱི་འཛམ་གླིང་གི་ས་གནས་མང་པོའི་དཔེ་མཚོན་དང་ཐག་གཅོད་བྱ་ཐབས་འགྲེམས་སྟོན་བྱས་ཤིང་ཟླ་11གི་ཚེས་10བར་རྒྱུན་མཐུད་བྱ་རྒྱུ་རེད།