འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་16ཉིན།

༄༅༎ཀྲུང་མར་མཛའ་གྲོགས་ཟམ་ཆེན་དངོས་སུ་སྒོ་དབྱེ་བེད་སྤྱོད་བྱས་ནས་ལོ་གཅིག་འཁོར་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་16ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཟླ་9ཚེས་7ཉིན་ཀྲུང་གོས་མར་ཏི་ཝེར་སྐྲུན་རོགས་བྱས་པའི་ཀྲུང་མར་མཛའ་གྲོགས་ཟམ་ཆེན་དངོས་སུ་སྒོ་དབྱེ་བེད་སྤྱོད་བྱས་ནས་ལོ་གཅིག་འཁོར་ཡོད། 2018ལོའི་ཟླ་8ཚེས་30ཉིན་ཀྲུང་མར་མཛའ་གྲོགས་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་ལོ་དེའི་ཟླ་9ཚེས་7ཉིན་དངོས་སུ་སྤྱི་དམངས་ལ་སྒོ་ཕྱེ་ནས་བེད་སྤྱོད་བྱས་ཡོད། ཀྲུང་མར་མཛའ་གྲོགས་ཟམ་ཆེན་ནི་མར་ཏི་ཝེའི་ལོ་རྒྱུས་ཐོག་གི་རྒྱ་མཚོ་སྒྲོལ་བའི་ཟམ་ཆེན་ཐོག་མ་དེ་ཡིན་པ་དང་། དེས་རྒྱལ་ས་མ་ལེ་ནས་གསར་དར་གྲོང་ཁྱེར་དང་གླིང་ཕྲན་ཆེན་པོ་ཨང་གཉིས་པ་ཧུའུ་ལུའུ་མ་ལེ་བར་གྲུ་ཐོག་ནས་འགྲོ་འོང་ཁོ་ན་བྱེད་པའི་ལོ་རྒྱུས་མཇུག་འགྲིལ།