འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ཚེས་14དང་15ཉིན་གནམ་བདེ་སྒོ་མོའི་ཐང་ཆེན་གནས་སྐབས་སྒོ་རྒྱག་རྒྱུ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན། གསར་འགོད་པས་གནམ་བདེ་སྒོ་མོ་ཆེའི་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་གསལ། པེ་ཅིང་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འཁྲབ་སྦྱོང་ཐེངས་གཉིས་པའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། 2019ལོའི་ཟླ་9ཚེས་14ཉིན་དང་ཚེས་15ཉིན་ལ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་སྒོ་རྒྱག་རྒྱུ་རེད། ཟླ་9ཚེས་16ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། ཐང་ཆེན་གྱི་གནས་ཚུལ་དངོས་ལ་གཞིགས་ནས་སྒོ་འབྱེད་རྒྱུ་རེད།