འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎བོད་ལྗོངས་ཀྱིས་པར་སྐྲུན་ལེགས་སྐྱེས་22འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་11ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུས་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་དུ“ཀྲུང་གོ་གསར་པར་གུས་པས་བསྟོད་འབུལ་དང་། དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པའི་བརྗོད་དོན་གཙོ་བོའི་ལེགས་སྐྱེས་སུ་འབུལ་བའི་པར་སྐྲུན་ཡིག་རིགས་ཐོག་མར་འགྲེམས་སྤེལ་བྱེད་པའི་མཛད་སྒོ་སྤེལ་པ་རེད། ལེགས་སྐྱེས་སུ་འབུལ་བའི་དཔེ་སྐྲུན་ཡིག་རིགས་རིགས་22དངོས་སུ་ཀློག་པ་པོའི་སྤྱན་ལམ་དུ་ཕུལ་ལ། དེའི་ནང་བོད་ཡིག་དང་རྒྱ་ཡིག་གི་དཔེ་དེབ་ཡོད་ལ། སྒྲ་བརྙན་ཐོན་རྫས་ཀྱང་ཡོད། 
     གསར་འགོད་པས་བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《སྣོད་བཅུད་ལྷ་ས》དང་། 《རིག་གནས་ལྷ་ས》《ཁྲིམས་སྐྱོང་ལྷ་ས》《དམངས་འཚོའི་ལྷ་ས》《བདེ་སྐྱིད་ལྡན་པའི་ལྷ་ས》《ཐོན་ལས་ལྷ་ས》སོགས་ལྷ་ས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་དཔེ་དེབ་ཁག་ཅིག་ཕུད། ད་དུང《ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅང་བའི་བརྩེ་སེམས》《པར་རིས་ཐོག་ནས་མངའ་རིས་བཤད་པ་སྟེ་ལོ་ངོ་དྲུག་ཅུའི་རིང་བོད་ཀྱི་མངའ་རིས་ཀྱི་འཕོ་འགྱུར་ཆེན་པོའི་པར་རིས་ཕྱོགས་བསྒྲིགས》《བོད་ལྗོངས་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པར་དྲན་གསོ་ཞུ་བའི་པར་དེབ》《པར་རིས་རྙིང་པ། བོད་ལྗོངས་གསར་པ》སོགས་ཀྱི་དཔེ་དེབ་དང་དེ་བཞིན《བོད་ལྗོངས་སུ་ཕྱོགས་ཡོངས་ནས་ཏང་ནན་པོར་སྐྱོང་བ》སོགས་ཀྱི་སྒྲ་བརྙན་ཐོན་རྫས་ཡོད། 
     བོད་རང་སྐྱོང་ལྗོངས་ཤིན་ཧྭ་དཔེ་ཚོང་ཁང་ཏང་ཨུ་ཧྲུའུ་ཅི་གཞོན་པ་ཡེ་ཤེས་རྒྱལ་མཚན་གྱིས་དེ་རིང་དངོས་སུ་ཐོན་པའི་ལེགས་སྐྱེས་སུ་འབུལ་བའི་དཔེ་སྐྲུན་ཡིག་རིགས་རིགས་22ཡོད་པ་དང་། དེ་རྗེས་མུ་མཐུད་རིགས་20ཙམ་དཔེ་སྐྲུན་བྱ་རྒྱུ་ཡིན། དཔེ་སྐྲུན་ཡིག་རིགས་དེ་དག་གིས་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་། མཛེས་སྡུག་ལྡན་པའི་པར་རིས། ཕུན་སུམ་ཚོགས་པའི་དཔྱད་གཞི་བཅས་ལ་བརྟེན་ནས། ཀྲུང་གོའི་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་དང་། རླབས་ཆེ་བའི་གྲུབ་འབྲས། རྩ་ཆེ་བའི་ཉམས་མྱོང་མངོན་པར་བྱས་ཡོད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད་པས། དེ་དག་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་སློབ་གཞི་ཡག་པོ་དང་ཀློག་དེབ་བཟང་པོ་རེད་ཅེས་བརྗོད་པ་རེད། 
    མཛད་སྒོའི་ཐོག་བོད་རང་སྐྱོང་ལྗོངས་ཏང་ཨུ་དྲིལ་བསྒྲགས་པུའུ་ཡིས་ལྗོངས་ཡོངས་ཀྱི་ཁེ་ལས་ཀྱི་བཟོ་པ་དང་། ཞིང་འབྲོག་མང་ཚོགས། སྡེ་ཁུལ་གྱི་གྲོང་མི། ལས་བྱེད་དང་ལས་བཟོ། དཔུང་སྡེའི་དཔོན་དམག སློབ་གྲྭའི་དགེ་སློབ། ཆོས་ལུགས་མི་སྣ་སོགས་སྤྱི་ཚོགས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་བཅས་ཀྱི་འཐུས་མིར་གཙོ་གནད་བརྗོད་དོན་གཙོ་བོའི་པར་སྐྲུན་ཡིག་རིགས་ལེགས་སྐྱེས་དུ་ཕུལ་བ་རེད།