འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕག་པ་གསོ་ཚགས་དང་ཐོན་སྐྱེད་བརྟན་པོ་ཡོང་བར་བྱས་ཏེ་
ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཕག་པ་གསོ་ཚགས་དང་ཐོན་སྐྱེད་བརྟན་པོ་ཡོང་བར་བྱས་ཏེ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
     《བསམ་འཆར》ནང་། མིག་སྔའི་ཕག་པ་གསོ་ཚགས་དང་ཐོན་སྐྱེད་བརྟན་པོ་ཡོང་བར་བྱས་ཏེ། ས་གནས་ཀྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཕག་པ་གསོ་ཚགས་དང་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ལྕག་སྐུལ་བྱེད་པ་དང་། གསོ་ཚགས་བཀག་སྡོམ་ཁུལ་གྱི་དབྱེ་འབྱེད་དང་དོ་དམ་ཚད་ལྡན་དུ་བཏང་ནས་ཕག་གསེབ་དང་། ཕག་ཕྲུག དེ་བཞིན་ཕག་ཤའི་ཐོན་རྫས་གོ་རིམ་ལྡན་པའི་ངང་གཏོང་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། ཨ་ཧྥེ་རི་ཁའི་ཕག་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་དང་ཕག་པ་གསོ་ཚགས་དང་ཐོན་སྐྱེད་དེ་བཞིན་ཕྱིར་ཚོང་བཅས་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་སྙོམས་སྒྲིག་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་ཀྱི་གསོ་ཚགས་མ་ལག་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་། ཚད་གཞི་ཅན་གྱི་གཞི་ཁྱོན་གསོ་ཚགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕག་གསོ་ར་བ(དུད་ཚང)འབྲིང་ཆུང་གི་འཕེལ་རྒྱས་ལ་སྐུལ་ཁྲིད་ཧུར་ཐག་བྱེད་པ། ཕག་པ་གསོ་ཚགས་དང་ཐོན་སྐྱེད་ཀྱི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ། གསོ་ཚགས་ར་བའི་ཟོག་རོ་ཐོན་ཁུངས་ཅན་དུ་སྤྱོད་རྒྱུ་མགྱོགས་སུ་གཏོང་བ་བཅས་བྱས་ནས། ཕག་པ་གསོ་ཚགས་དང་ཐོན་སྐྱེད་ཀྱི་ཐོན་ཁུལ་གཙོ་བོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ། རིམས་ནད་ཞིབ་བཤེར་ཚད་ལེན་དང་སྲོག་ཆགས་ཀྱི་ནད་ཡམས་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དེང་རབས་ཀྱི་ཕག་པ་གསོ་ཚགས་དང་ཐོན་སྐྱེད་ཀྱི་འཁོར་རྒྱུག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། བཤས་གཏོང་ལས་རིགས་རིམ་སྤོར་བྱེད་རྒྱུ་མགྱོགས་སུ་གཏོང་བ། སྲོལ་རྒྱུན་གྱི་ཕག་པ་གཏོང་འདྲེན་བྱེད་ཐབས་སྒྱུར་བཅོས་བྱེད་པ་བཅས་ཀྱི་ཐོག་ནས། གྲང་ཕྲེང་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།