འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅༎“ཀྲུང་གོ་དང་འཛམ་གླིང་སྟེ། ལོ་ངོ་70ཡི་ལམ་བུ” འཛམ་གླིང་ཀྲུང་གོ་རིག་པའི་གླེང་སྟེགས་སྐབས་བརྒྱད་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། “ཀྲུང་གོ་དང་འཛམ་གླིང་། ལོ་ངོ་70ལོ་རྒྱུས་ཀྱི་ལམ་བུ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་འཛམ་གླིང་ཀྲུང་གོ་རིག་པའི་གླེང་སྟེགས་སྐབས་བརྒྱད་པ་ཧྲང་ཧའེ་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་གཙོ་དོན་གཏམ་བཤད་ཀྱང་གནང་བ་རེད།
     ཧོང་ཁུན་མིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དབར་མཛའ་མཐུན་མཉམ་གནས་དང་། ལྟ་རེས་སྐྱོང་རེས། ལས་དབང་གཅིག་འབྲེལ་བཅས་བྱས་ནས་རང་ཉིད་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག འཛམ་གླིང་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་འདེད་བཏང་བ་དང་། མི་འབོར་དུང་ཕྱུར་14ལ་ཉེ་བ་ལྟོ་གོས་མི་འདང་བ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་པ་མ་ཟད། ད་དུང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པར་ཀྲུང་གོའི་བློ་གྲོས་ལེགས་སྐྱེས་སུ་ཕུལ་ཡོད། ང་ཚོས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་ཀྱི་བྱ་གཞག་ལ་སྐུལ་འདེད་ཧུར་ཐག་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བ་བཅས་བྱས་ཡོད། ང་ཚོས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་གྲོས་འགོ་བཏོན་ནས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་རྩ་སྔར་བས་མང་བ་བསྐྲུན་རྒྱུར་གོ་སྐབས་གསར་པ་བཏོད་ཡོད་ཅེས་བསྟན་གནང་བ་རེད།
     ཧོང་ཁུན་མིང་གིས། མིག་སྔར། འཛམ་གླིང་འདི་ཉིད་ལོ་ངོ་བརྒྱའི་རིང་འཕྲད་མྱོང་མེད་པའི་འགྱུར་ལྡོག་ཆེན་པོའི་དུས་སྐབས་སུ་སླེབས་ནས། མིའི་རིགས་ལ་ཐུན་མོང་གི་ཉེན་ཁ་དང་འགྲན་སློང་འཕྲད་ཡོད་པས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཙུགས་ནས། ཤེས་དཔལ་སྤེལ་རེས་ཀྱིས་ཤེས་དཔལ་གྱི་འགལ་བ་སེལ་བ་དང་། ཤེས་དཔལ་ཕན་ཚུན་མིག་ལྟོས་ཀྱིས་ཤེས་དཔལ་དབར་གྱི་འགལ་རྐྱེན་སེལ་བ། ཤེས་དཔལ་མཉམ་གནས་ཀྱིས་ཤེས་དཔལ་མཆོག་འཛིན་གྱི་བསམ་བློ་སེལ་བ་བཅས་བྱས་ནས། འབྲེལ་འདྲིས་དང་སྤེལ་རེས་ཀྱི་ལས་སྟེགས་སྔར་བས་མང་པོ་བཙུགས་ཏེ། ཕན་ཚུན་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་ཀྱི་གླེང་མོལ་མང་ཙམ་བྱས་ནས། བསམ་ཤེས་བྱེད་ཤུགས་ཆེ་རུ་དང་ཐུན་མོང་ངོས་འཛིན་ཟབ་ཏུ་བཏང་ནས། ཀྲུང་གོ་དང་འཛམ་གླིང་དབར་གྱི་མིག་ལྟོས་གཉིས་ཕན་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གླེང་སྟེགས་ལ་ཕེབས་པ་དང་འབྲེལ་ཤེས་ཚིག་བསྒྲོན་གནང་བ་རེད།
     རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་35ཡི་རིགས་གཅིག་མཁས་ཅན་དང་མཁས་དབང་300ལྷག་ཙམ་སྐབས་འདིའི་གླེང་སྟེགས་ལ་ཞུགས་པ་རེད།