འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོཌ་པའི་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་མཚོ་སྔོན་དུ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཏ་ཆན།
     གར་སྟེགས་ཐོག་ནས《ང་དང་ངའི་མེས་རྒྱལ》ཞེས་པའི་སྙན་འཇེབས་ལྡན་པའི་གླུ་སྒྲ་གྲགས་སྐབས། གཤམ་འོག་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཚེས་10ཉིན་གྱི་ཕྱི་དྲོ། མཚོ་སྔོན་གྱི་ཟློས་གར་ཁང་ཆེ་མོར་ཀྲུང་གོའི་དབང་པོ་སྐྱོན་ཅན་སྒྱུ་རྩལ་ཚོགས་པ་མཚོ་སྔོན་དུ་བསྐྱོད་ནས་ཉིན་བདུན་གྱི་མཐའ་འཇུག་སྐོར་སྐྱོད་འཁྲབ་སྟོན་བྱས་པ་རེད། ཟི་ལིང་གྲོང་ཁྱེར་སྐུ་འབུམ་རྫོང་ལན་ལུང་ཁའོ་གྲོང་རྡལ་མ་རྩེ་དབྱིང་གྲོང་ཚོའི་དབང་པོ་སྐྱོན་ཅན་དབང་ལིན་དང་ལྟད་མོ་བ་བརྒྱ་ཕྲག་ལྷག་ཙམ་གྱིས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས་པ་རེད།
    “རང་ཉིད་ཀྱིས་ཀྱང་ཁོང་ཚོ་དང་འདྲ་བར་དཀའ་ངལ་ལ་མི་འཛེམས་པར་མདུན་དུ་སྐྱོད་དེ་རང་ཉིད་ལ་དབང་བའི་གར་སྟེགས་ཤིག་འཚོལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་དབང་ལིན་གྱིས་བརྗོད་པ་རེད།
     སྙན་འཇེབས་ལྡན་པའི་གླུ་གཞས་དང་རོལ་དབྱངས་ཀྱི་སྟངས་སྟབས་ལས་འོད་ཟེར་དང་མཛེས་སྡུག་ལྡན་པའི་འཚོ་བ་མཚོན་པར་བྱེད། མཚོ་སྔོན་དུ་བསྐྱོད་པ་དེ་ནི“དྲི་ཞིམ་མཉམ་སྤྱོད་དང་། མཉམ་དུ་འབྱོར་འབྲིང་གཏོད”པའི་དབུས་ནུབ་རྒྱུད་ས་ཁུལ་གྱི་རྫོང་བརྒྱར་འཁྲབ་སྟོན་བརྒྱ་ཡི་སྤྱི་ཕན་སྐོར་སྐྱོད་འཁྲབ་སྟོན་གྱི་ས་ཚིགས་ཤིག་རེད། ཉིན་ཤས་བསྟུད་མར། འཁྲབ་སྟོན་པ་40ཡིས་ལེ་དབར་སྟོང་གི་སར་གནས་པའི་མཚོ་ཤར་གྲོང་ཁྱེར་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ། ཟི་ལིང་གྲོང་ཁྱེར་བཅས་སོ་སོར་བསྐྱོད་ནས་ལྟད་མོ་ཆེ་བའི་འཁྲབ་སྟོན་ཐེངས་5བྱས་པ་དང་འབྲེལ། ས་གནས་དེའི་ལྟད་མོ་བ་དང་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མའི་དབར་སྤེལ་རེས་མཉམ་སྤྱོད་བྱས་ཤིང་། དམིགས་བསལ་གྱི་སྒྱུ་རྩལ་ལམ་ནས་ཁོང་ཚོར་འབད་འཐབ་ཀྱི་ཡིད་ཆེས་དང་སྟོབས་ཤུགས་འཕེལ་བར་བྱས་ཡོད།
     ཚེས་5ཉིན་གྱི་སྔ་དྲོ། མཚོ་ཤར་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སྤེལ་རེས་བྱེད་སྒོའི་ནང་ཞུགས་མཁན་འཁྲབ་སྟོན་པ་ཚོར་དེའི་རྣམ་པ་བློ་ལ་བརྟན་པོར་ངེས་ཡོད། “ཕྲུ་གུ་ཚོས་དང་ཐོག་ངོ་ཚ་ཆེན་པོ་བྱེད་ཀྱི་འདུག རང་ཉིད་ཀྱིས་པ་ལིའི་ཞབས་བྲོ《གཉིད་ལ་ཡུར་བའི་མཛེས་མ》དུམ་བུ་གཅིག་འཁྲབ་པ་ཡིན། དེ་རྗེས་ཕན་ཚུན་གྱི་བར་ཐག་ཇེ་ཉེར་ཕྱིན་སོང་། ཕྲུ་གུ་ཁག་གཅིག་ས་གནས་ས་ཐོག་ཏུ་ལྟད་མོ་ལྟ་བར་ཡོང་ཐེངས་དང་པོ་ཡིན་པས། ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང”ཞེས་པ་ལིའི་ཞབས་བྲོ་འཁྲབ་མཁན་ཝུའེ་ཆིན་དབྱང་གིས་བརྗོད།
     ཀྲུང་གོའི་དབང་པོ་སྐྱོན་ཅན་དམིགས་བསལ་སྒྱུ་རྩལ་མཛུབ་ཁྲིད་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་གིས་ལོ་30ལྷག་ཙམ་རིང་སྒྱུ་རྩལ་ཚོགས་པ་མེད་པ་ནས་ཡོད་པ་དང་། དེ་ནས་སྟོབས་ཆེར་སོང་བའི་བརྒྱུད་རིམ་དཔང་པོ་བྱས་ཡོད། ཁོང་གིས། “ཚོང་ལས་འཁྲབ་སྟོན་ནམ་ཡང་ན་སྤྱི་ཕན་འཁྲབ་སྟོན། དར་རྒྱས་ཆེ་བའི་གྲོང་ཁྱེར་རམ་ཡང་ན་ཐག་རིང་གྲོང་གསེབ་གང་དུ་བསྐྱོད་ཀྱང་ཆ་སྙོམས་ལོ་23ཡིན་པའི་དཔུང་ཁག་དེས་ཞུམ་མེད་ཀྱི་སྙིང་རུས་དང་འབད་འཐབ་ཧུར་ཐག་བྱེད་པའི་ལེགས་སྐྱེས་ཀྱི་སྙིང་སྟོབས་ལ་བརྟེན་ནས། རི་ཀླུང་མང་པོ་བརྒལ་ཏེ་མི་རྣམས་ཀྱིས་ལྟ་འདོད་པའི་སྒྱུ་རྩལ་འཁྲབ་སྟོན་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།