འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་འདི་ལོར་སྒོ་དབྱེ་ཐུབ་རེ་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་ཆུ་ཚོད་18དང་སྐར་མ་05ལ་A319རྟགས་ཅན་གྱི་གནམ་གྲུ་ཞིག་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་གཟི་ཚ་སྡེ་དགུའི་གསེར་མཚོ་གནམ་ཐང་དུ་འཕུར་བ་འདིའི་ཐོག་ནས། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིས་ས་ཡོམ་རྐྱེན་གྱིས་འཕུར་མཚམས་བཞག་པའི“ཁྲེང་ཏུའུ—གཟི་ཚ་སྡེ་དགུའི་གསེར་མཚོའི”དུས་གཏན་གནམ་གྲུ་དངོས་སུ་སླར་གསོ་ཐུབ་པ་མཚོན་ཡོད་པ་རེད།
    ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་ལྷོ་ནུབ་ཡན་ལག་ཀུང་སིའི“ཁྲེང་ཏུའུ—གཟི་ཚ་སྡེ་དགུའི་གསེར་མཚོའི”དུས་གཏན་གནམ་གྲུ་ནི་CA4481/2རྟགས་ཅན་ཡིན་ལ། གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ལ་A319རྟགས་ཅན་གྱི་ས་མཐོའི་གནམ་གྲུའི་རིགས་འགྲོ་འོང་བྱེད་ཀྱི་ཡོད་པ་རེད།
     དེའི་གོང་། སི་ཁྲོན་མཁའ་འགྲུལ་ཀུང་སིས“ཁྲེང་ཏུའུ—གཟི་ཚ་སྡེ་དགུའི་གསེར་མཚོའི”དུས་གཏན་གནམ་གྲུ་སླར་གསོ་བྱས་ཀྱང་། གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་མ་གཏོགས་མེད་པ་རེད། ཀྲུང་གོ་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་དུས་གཏན་གནམ་གྲུ་སླར་གསོ་བྱས་རྗེས། ཉིན་རེར་དུས་གཏན་གནམ་གྲུ་རེ་ཡོད་པ་རེད།
    2017ལོའི“8·8”གཟི་ཚ་སྡེ་དགུའི་ས་ཡོམ་བརྒྱབ་རྗེས། གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་སྒོ་བརྒྱབ་ནས། གེགས་རྗེས་བསྐྱར་སྐྲུན་བྱས་པ་རེད། ས་གནས་དེ་གའི་སྲིད་གཞུང་གིས། མིག་སྔར་གཟི་ཚ་སྡེ་དགུའི་མཛེས་ལྗོངས་ཁུལ་ཉམས་གསོའི་ལས་གྲྭའི་འཕེལ་རིམ་ཡག་པོ་ཡོད་པས་ལོ་འདིར་འགོ་ཚུགས་རྣམ་པའི་ལས་གཉེར་བྱེད་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།
    ས་བབ་མཐོ་ཚད་སྨི་3447ཟིན་པའི་གཟི་ཚ་སྡེ་དགུའི་གསེར་མཚོ་གནམ་ཐང་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་དུ་ཡོད་ལ། དེ་ནི་གཟི་ཚ་སྡེ་དགུ་དང་གསེར་མཚོའི་མཛེས་ལྗོངས་ཁུལ་གྱི་མཁའ་ཐོག་འགྲིམ་འགྲུལ་གྱི་ལྟེ་བ་ཡིན། “ཁྲེང་ཏུའུ—གཟི་ཚ་སྡེ་དགུའི་གསེར་མཚོའི”དུས་གཏན་གནམ་གྲུ་སླར་གསོ་བྱས་པའི་རྨང་གཞིའི་ཐོག་གནམ་ཐང་དེའི་ཁྲུང་ཆིང་དང་། ཤིས་ཨན། པེ་ཅིང་། ཧྲང་ཧའེ་བཅས་དབར་གྱི་དུས་གཏན་གནམ་གྲུ་འདི་ལོར་གཅིག་རྗེས་གཉིས་མཐུད་ངང་སླར་གསོ་ཐུབ་རེ་ཡོད་པ་རེད།