འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅༎ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་བཅས་རྒྱལ་ཁབ་གསུམ་གྱི་འཐུས་མིས་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་དང་
མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འཚོལ་ཞིབ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧུའུ་ཧོ་ཧའོ་ཐེ་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་གྱི་རིག་གཞུང་ལས་རིགས་དང་། ཁེ་ལས་ལས་རིགས་ཀྱི་འཐུས་མིས་ནང་སོག་མན་ཀྲོའུ་ལིར་མཉམ་འཛོམས་བྱས་ཏེ་ཚན་རྩལ་གྲུབ་འབྲས་གཞན་བསྒྱུར་གྱི་ཞིབ་དཔྱད་དང་མཉམ་ལས་ཀྱི་གོ་སྐབས་འཚོལ་ཞིབ་བྱས་པ་རེད། ཀྲུང་གོའི(མན་ཀྲོའུ་ལི)བྱང་རྒྱུད་རྒྱལ་སྤྱིའི་ཚན་རྩལ་དངོས་མང་སྟོན་ཚོགས་སྐབས་བཅུ་དྲུག་པ་ཚེས་10ཉིན་འགོ་ཚུགས་པ་རེད། ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་རྒྱལ་ཁབ་གསུམ་གྱི་མཐོ་སློབ་དང་། ཚན་ཞིབ་སྒྲིག་གཞི། ཁེ་ལས་བཅས་འགྲེམས་སྟོན་ནང་ཞུགས་ཡོད། དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་དང་། གླེང་སྟེགས། སྤེལ་རེས་འོས་སྦྱོར། སྦྲེལ་མཐུད་ངོ་འཕྲད་གྲོས་མོལ། རིག་གཞུང་སྤེལ་རེས་སོགས་ཀྱི་བྱེད་སྒོ་བཀོད་སྒྲིག་བྱས་ཡོད།
     འགོ་འཛུགས་མཛད་སྒོའི་ཐོག ནང་སོག་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་སུན་ཅུན་ཆིང་གིས། སྒོ་དབྱེར་བརྟེན་ནས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་དགོས། རེ་བར་འགྲེམས་སྟོན་དང་འགྲེམས་ཚོགས་ནང་ཞུགས་པའི་གྲོགས་པོ་རྣམ་པས་དངོས་སྒྲུབ་མཉམ་ལས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་བརྩེ་བ་ཟབ་ཏུ་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ་བྱེད་དགོས་ཞེས་བརྗོད།
     ཨུ་རུ་སུའི་པུའུ་ལི་ཡཱ་ཐེ་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་སོར་ཏོ་ནུའུ་ཝ་·མར་ཅ་ལི་ཐ་·ཉི་ཀུའུ་ལ་ཡེ་ཕུའུ་ནཱ་ཡིས ཀྲུང་གོའི་བྱང་རྒྱུད་རྒྱལ་སྤྱིའི་ཚན་རྩལ་དངོས་མང་སྟོན་ཚོགས་འདི་ཉིད་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་ཀྱི་ས་འབྲེལ་ཁུལ་གྱི་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད་ལ་ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ་རྒྱལ་ཁབ་བཅས་དབར་ཚན་རྩལ་སྤེལ་རེས་དང་མཉམ་ལས་བྱེད་པའི་ཐད་འབྲེལ་ཟམ་ཞིག་ཀྱང་ཡིན། རེ་བར་ཀྲུང་གོའི་བྱང་རྒྱུད་རྒྱལ་སྤྱིའི་ཚན་རྩལ་དངོས་མང་སྟོན་ཚོགས་བརྒྱུད། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས་ཞེས་བརྗོད།
     མོང་གོལ་རྒྱལ་ཁབ་ཀྱི་སློབ་གསོ་རིག་གནས་ཚན་རིག་ལུས་རྩལ་པུའུ་ཡི་པུའུ་ཀྲང་གི་བློ་འདྲི་བ་ཧེ་·ཧ་ཐན་པཱ་ཐེར་གྱིས། མིག་སྔར་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་དཔལ་འབྱོར་འབྲེལ་བ་ཉིན་རེ་བཞིན་ཟབ་ཏུ་འགྲོ་བ་དང་གཅིག་ལ་གཅིག་བརྟེན་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་གི་ཡོད་པས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཀྲུང་གོ་དང་མོང་གོལ་རྒྱལ་ཁབ་གཉིས་དབར་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འགྲོ་གི་ཡོད་པས་མོང་གོལ་རྒྱལ་ཁབ་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་མཉམ་ལས་བྱ་འདོད་ཡོད་ཅེས་བརྗོད་པ་རེད།