འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་12ཉིན།

༄༅།།ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་
མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་
ཚན་བརྒྱད་དོན་འཁྱོལ་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་12ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱོད་ཚུལ་བཞིར”ངོ་རྒོལ་གྱི་ལས་དོན་སྐོར་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་ཆེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ལེ་ཅིའི་བླང་བྱ་གཞིར་བཟུང་། ཟླ་9ཚེས་10ཉིན་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་དབྱང་ཞའོ་ཏུའུ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ཏེ། བརྗོད་དོན་གཙོ་བོའི་སློབ་གསོ་དེ་སྒུལ་ཤུགས་ཤིག་དང་གོ་སྐབས་ཤིག་ཏུ་བརྩིས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་ཞིབ་འཇུག་གིས་བཀོད་སྒྲིག་བྱས་པ་རེད།
     ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་རྒྱུན་འཁྱོངས་ལྷོད་མེད་ངང་དོན་འཁྱོལ་བྱེད་དགོས་པ་དང་། ལས་དོན་གྱི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་བཅོས་སྒྲིག་མཐར་ཕྱིན་དང་། འགན་མི་ཁུར་བ་དང་དགོས་པའི་ལས་མི་བྱེད་པའི་གནད་དོན་བཅོས་སྒྲིག་མཐར་ཕྱིན། གཞི་རིམ་ལ་འཕྲད་པའི་ཕྱི་ཚུལ་རིང་ལུགས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་མཐར་ཕྱིན། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་དག་ཐེར་གཏིང་ཟབ། 
    མུ་མཐུད་ཤུགས་བརྒྱབ་ནས“སྤྱོད་ཚུལ་བཞི”ཡོ་བསྲང་དང་བཅོས་སྒྲིག་བཅས་བྱས་ཏེ་གནད་དོན་དེ་རིགས་བསྐྱར་དུ་མ་ཐོན་སྔོན་འགོག་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་དེ་སྒུལ་ཤུགས་ཤིག་དང་གོ་སྐབས་ཤིག་ཏུ་བརྩིས་ཏེ། སྣེ་ཁྲིད་པ་དང་ཐེ་ཞུགས་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་འགན་དང་ཟུང་འབྲེལ་བྱས་ནས་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་དགོས། དུས་རབས་གསར་པར་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཆོས་ཉིད་དང་། ཁྱད་ཆོས། ལས་དོན་གྱི་བླང་བྱ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་བྱ་ཚུལ་ལ་གནད་སྨིན་ལྟ་སྐུལ་བྱེད་པ། “འགག་རྩའི་ཉུང་ཤས”ལ་རྗེས་འདེད་སོ་ལྟ་བྱེད་པ། རྩ་ལག་མཉམ་བཅོས་གཏིང་ཟབ་བྱེད་པ། མི་ཕོད་པ་དང་། མི་ཐུབ་པ། མི་འདོད་པ་གསུམ་ལ་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ནས“སྤྱོད་ཚུལ་བཞི”ཡོ་བསྲང་བཅོས་སྒྲིག་ལས་དོན་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།