འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅།།ཀྲུང་གོའི་འཐུས་མིས་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཙུང་ཐུང་འདེམས་བསྐོ་བདེ་བླག་ངང་སྤེལ་
བར་རོགས་རམ་བྱ་དགོས་པའི་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོའི་འཐུས་མིས་ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཙུང་ཐུང་འདེམས་བསྐོ་བདེ་བླག་ངང་སྤེལ་
བར་རོགས་རམ་བྱ་དགོས་པའི་འབོད་སྐུལ་བྱས་པ།
     མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཀྲང་ཅུན་གྱིས། མིག་སྔའི་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་འགག་རྩའི་དུས་སུ་སླེབས་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་ལག་བསྟར་ནན་ཏན་བྱས་ནས། མུ་མཐུད་ཨ་ཧྥུ་ཀ་ནི་སི་ཐན་ལ་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཏེ། ཨ་ཧྥུ་ཀ་ནི་སི་ཐན་གྱིས་བདེ་འཇགས་དང་།   བདེ་བླག་ངང་ཙུང་ཐུང་འདེམས་བསྐོ་བྱ་རྒྱུར་རོགས་རམ་བྱེད་དགོས་པ་བརྗོད་པ་རེད།