འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎འབད་འབུངས་ཡར་བརྩོན་གྱི་མཚོ་སྔོན་ཏེ་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་
གྲུབ་འབྲས་འགྲེམས་སྟོན་དངོས་སུ་སྤེལ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ལས་བྱེད་པ་དང་མང་ཚོགས་ཀྱིས་འགྲེམས་སྟོན་ལ་ལྟ་སྐོར་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན། ཞིང་ཨུ་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན། ཞིང་ཆེན་ཡིག་ཚགས་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི“འབད་འབུངས་ཡར་བརྩོན་གྱི་མཚོ་སྔོན་ཏེ་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་གྲུབ་འབྲས་འགྲེམས་སྟོན”ཞིང་ཆེན་མཛེས་རྩལ་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཞིང་ཨུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད།
     ད་ཐེངས་ཀྱི་འགྲེམས་སྟོན་དེ“བྱམས་བརྩེའི་ཐུགས་ཁུར་དང་ལྕག་སྐུལ་ཆེན་པོ”དང་། “འབད་འབུངས་ཡར་བརྩོན་གྱི་ལོ་ངོ་70དང་འོད་སྟོང་འབར་བའི་མཚོ་སྔོན་གསར་པ”“‘ལེགས་གཅིག་མཐོ་གཉིས’དང་མཚོ་སྔོན་དེ་བས་མཛེས་སྡུག་ལྡན་པར་འགྱུར་བར་བྱེད”བཅས་ཀྱི་འགྲེམས་ཁང་3དང“ནམ་ཟླའི་རྟེན་རྫས་བཤམས་མཛོད་ཁང”1བཅས་སུ་དབྱེ་ཡོད་པ་དང་། ཡི་གེ་དང་། རེའུ་མིག བརྙན་ལམ། བྱེ་སྡེར། མཐོང་སྣང་སོགས་ཀྱི་རྣམ་པ་སྣ་མང་སྤྱད་དེ་ཕྱོགས་ཡོངས་ནས་མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། དུས་བསྟུན་མདུན་སྐྱོད་ཀྱིས“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་བྱས་པ་དང་། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་པ། “ལེགས་གཅིག་མཐོ་གཉིས”ལ་སྐུལ་འདེད་ཧུར་ཐག་བཏང་བ། མཚོ་སྔོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་པའི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་རྒྱུན་མི་ཆད་པར་བཏོད་པའི་འགན་འཁྲི་གསར་པ་འཁུར་བ་དང་བྱས་རྗེས་གསར་པ་འཇོག་པ་བཅས་འགྲེམས་སྟོན་བྱས་ཡོད། གྲངས་གཞི་རེ་རེ་དང་། པར་རིས་རེ་རེ། དངོས་རྫས་རེ་རེ་བཅས་བརྒྱུད་ནས་ལོ་ངོ་70ཡི་རིང་མཚོ་སྔོན་གྱི་བུ་ཕྲུག་གིས་མི་རབས་ནས་མི་རབས་བར་མཚོ་སྔོན་ལ་དགའ་ཞེན་དང་། མཚོ་སྔོན་འཛུགས་སྐྲུན། མཚོ་སྔོན་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་བསམ་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ས་མཐོར་གཞི་ཚུགས་ནས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་མུ་མཐུད་འབད་འཐབ་བྱས་ནས་བརྗིད་ཆགས་ཉམས་ལྡན་གྱི་མཚོ་སྔོན་གྱི་འཛུགས་སྐྲུན་ལོ་རྒྱུས་འབྲི་བ་དང་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་ཆེན་པོ་ཇི་མ་ཇི་བཞིན་མངོན་པར་བྱས་ཡོད།
     གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། གྲུབ་འབྲས་འགྲེམས་སྟོན་དེས“འབད་འབུངས་ཡར་བརྩོན་གྱི་མཚོ་སྔོན”ཞེས་པའི་བརྗོད་དོན་གཙོ་བོ་དེར་དམ་པོར་དམིགས་ནས་ཕྱོགས་སྟོན་རང་བཞིན་དང་། དཔེ་མཚོན་རང་བཞིན། དུས་རབས་རང་བཞིན། དཔེ་གསར་རང་བཞིན་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས། ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་གནང་བའི་ཐུགས་ཁུར་མཚོན་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་བའི་ལོ་རྒྱུས་ཀྱི་རྩ་བ་གནད་ལ་འཁེལ་བའི་ངང་མཚོན་པ། མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་མཚོན་པ། ཞིང་ཨུའི“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་གང་ལེགས་མངོན་པ་བཅས་བྱས་ཡོད། སྒུལ་བདེའི་དྲ་སྦྲེལ་བརྒྱུད་སྤེལ་དང་འཚམ་པ་བྱ་ཆེད། རིང་མིན་དྲ་ཐོག་འགྲེམས་ཁང་བཏོན་ནས་མང་ཚོགས་དེ་བས་མང་བས་འགྲེམས་སྟོན་གྱི་རྣམ་པ་ཧྲིལ་པོ་ཤེས་རྟོགས་ཐུབ་པ་བྱ་རྒྱུ་རེད།
     འགྲེམས་སྟོན་ལ་ལྟ་སྐོར་བྱེད་མཁན་ལས་བྱེད་པ་དང་ལས་བཟོ་ཚང་མས་འགྲེམས་སྟོན་གྱི་རྣམ་པ་མང་ལ་སེམས་འགུལ་ཐེབས་པ་ཞིག་ཡོད་ལ། མི་རྣམས་སྤོབས་པ་སྐྱེ་བ་དང་ངར་ཤུགས་སྐྱེ་བ་ཞིག་ཡོད་ཅེས་བརྗོད་པ་དང་། སླད་ཕྱིན་གྱི་ལས་དོན་ཁྲོད་རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ་དང་། འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ཡིད་ཆེས་དེ་བས་ཆེ་བ་དང་སྤྱོད་ཚུལ་དེ་བས་ཏན་ཏིག་གི་ཐོག་ནས་གསར་གཏོད་བྱེད་ཕོད་པ་དང་། འགག་སྒྲོལ་དཀའ་སེལ། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་པ་བཅས་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།