འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎འབྱུང་འགྱུར་ལོ་ལྔའི་རིང་མི་སྤྱི་པུའུ་སོགས་ཀྱིས་བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་པ་600གསོ་སྐྱོང་བྱ་རྒྱུ་ཡིན།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཚེས་9ཉིན་གསར་འགོད་པས་བོད་ལྗོངས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་གསུམ་པའི་དམིགས་བསལ་གསོ་སྐྱོང་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོ་ནས་2023ལོའི་བར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་སྡེ་ཚན་གྱིས་བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་600གསོ་སྐྱོང་བྱ་རྒྱུ་དང་འབྲེལ། རིགས་གཅིག་མཁས་ཅན་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཁག་5སྤེལ་རྒྱུ་ཡིན་པ་རེད། 
     ལག་བསྟར་ཇུས་གཞི་གཞིར་བཟུང་ན། འབྱུང་འགྱུར་ལོ་ལྔའི་རིང་། ལོ་རེར་བོད་ལྗོངས་ནས་ཆེད་ལས་ལག་རྩལ་ཤེས་ལྡན་པ་120བདམས་ཏེ་ནང་སའི་མཐོ་སློབ་དང་། ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་དང་བྱ་ལས་སྡེ་ཚན་བཅས་སུ་བཏང་སྟེ་དུས་ཡུན་ལོ་གཅིག་རིང་གི་དམིགས་བསལ་གསོ་སྐྱོང་དང་ལག་ལེན་སློབ་སྦྱོང་བྱ་རྒྱུ་དང་། སློབ་གསོ་དང་། འཕྲོད་བསྟེན། ཞིང་འབྲོག་ཁྱབ་གདལ། ཚན་ཞིབ། ལས་གྲྭ རིག་གནས་སྒྱུ་རྩལ་སོགས་རྨང་གཞིའི་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གཙོར་བཟུང་ནས་གསོ་སྐྱོང་བྱ་རྒྱུ་ཡིན་པ་མ་ཟད། དམིགས་གཏད་ཡོད་པའི་སྒོ་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་མཁོ་གལ་ཆེ་བའི་ཤེས་ལྡན་པ་དང་གཞི་རིམ་དུ་ལས་ཀ་ཡུན་རིང་སྒྲུབ་བཞིན་པའི་ཆེད་ལས་ལག་རྩལ་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད། 
     2009ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ། ནོར་སྲིད་པུའུ། རྒྱལ་ཁབ་ཀྱི་མི་རིགས་ལས་དོན་ཨུ་ལྷན། ཚན་རྩལ་པུའུ། སློབ་གསོ་པུའུ། དེ་སྔའི་ཞིང་ལས་པུའུ། དེ་སྔའི་འཕྲོད་བསྟེན་པུའུ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་མཉམ་དུ་བོད་ལྗོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་ཁག་དང་པོ་དམིགས་བསལ་གསོ་སྐྱོང་བྱེད་པའི་ལས་དོན་སྤེལ་འགོ་ཚུགས་པ་དང་། 2014ལོར་ཁག་གཉིས་པ་སྤེལ་ཡོད། ལོ་10ཡི་རིང་། བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་རྐང་འཛིན་པ་1200གསོ་སྐྱོང་བྱས་ཡོད།
     མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་གཞོན་པ་ཐང་ཐའོ་ཡིས། 2018ལོའི་ལོ་མཇུག་བར། དེ་སྔོན་གྱི་ཁག་གཉིས་པོའི་དམིགས་བསལ་གསོ་སྦྱོང་གི་སློབ་མ་རྣམས་ཀྱིས་གསོ་སྐྱོང་བྱེད་རིང་དང་ལས་གནས་ཐོག་ཕྱིར་ལོག་བྱས་རྗེས། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཚན་ཞིབ་ཞིབ་འཇུག་བྱ་གཞི་550ཡི་འགན་འཁུར་ཞིང་། རྒྱལ་ཁབ་ཕྱི་ནང་གི་ལྟེ་བའི་དུས་དེབ་ཐོག་རིག་གཞུང་དཔྱད་རྩོམ་1200ལྷག་ཙམ་སྤེལ་ཡོད་ལ། ཆེད་རྩོམ་དང་སློབ་དེབ་200ལྷག་ཙམ་དཔེ་སྐྲུན་བྱས་པ། རང་ཚུགས་སམ་མཉམ་ལས་བྱས་ནས་རྒྱལ་ཁབ་རིམ་པའི་ཆེད་ཁེ17དང་རང་སྐྱོང་ལྗོངས་རིམ་པའི་གསར་གཏོད་ཆེད་ཁེ་རྣམ་གྲངས་28རེ་འདུན་ཞུས། ལག་རྩལ་གསར་གཏོད་རྣམ་གྲངས་115སྤེལ་བ་བཅས་ཀྱི་གྲུབ་འབྲས་བླངས་ཡོད་ཅེས་ངོ་སྤྲོད་བྱས།