འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅༎《ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་ངོ་70(1949ལོ་ནས་2019ལོ་བར)》པེ་ཅིང་དུ་འགྲེམས་སྤེལ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གྱི་ཕྱི་དྲོ། ཚན་རིག་ལག་རྩལ་པུའུ་ཡིས་རིགས་གཅིག་མཁས་ཅན་དང་མཁས་དབང་100ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། དུས་ཡུན་ཟླ་8རྩོམ་སྒྲིག་པར་སྐྲུན་བྱས་པའི《ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ཀྱི་ལོ་ངོ་70(1949ལོ་ནས་2019ལོ་བར)》དཔེ་དེབ་པེ་ཅིང་དུ་དངོས་སུ་འགྲེམས་སྤེལ་བྱས་པ་རེད།
     ཚན་རིག་ལག་རྩལ་ཚད་ལྡན་ཡིག་ཆ་པར་སྐྲུན་ཁང་གི་ཧྲེ་ཀྲང་ཧུའུ་ཧུང་ལེང་གིས་དཔེ་དེབ་འདིར་ས་བཅད་5དང་ལེའུ་21དབྱེ་ཡོད་པ་དང་། དེའི་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་རིང་། རང་རྒྱལ་གྱི་ཚན་རིག་བྱ་གཞག“ཚན་རིག་ཕྱོགས་སུ་དཔུང་སྐྱོད”ནས“ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་པ་དང་པོ”ཡིན་པའི་བར་དང་། ཚན་སློབ་རྒྱལ་དར་གྱི་འཐབ་ཇུས་ལག་བསྟར་བྱེད་པ་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་གཏོད་པའི་བར། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནས་འཛམ་གླིང་གི་ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པའི་བར་གྱི་ལོ་རྒྱུས་ཀྱི་ལམ་བུ་ཞིབ་ཕྲ་བཀོད་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པ་དང་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།