འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎ནེ་པ་ལའི་ཙུང་ཐུང་གཞོན་པས་ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བ་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་
དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ནེ་པ་ལ་དང་ཀྲུང་གོའི་དཔལ་འབྱོར་ཚོང་དོན་གྱི་མཉམ་ལས་གླེང་སྟེགས་ཚེས་7ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་ཤིང་། གླེང་སྟེགས་ལ་ཞུགས་པའི་ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུའུ་ཨེན་གྱིས་ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བ་ནེ་པ་ལར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཕུའུ་ཨེན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་བཏོན་ཚུན། ནེ་ཀྲུང་རྒྱལ་ཁབ་གཉིས་པོའི་རྨང་གཞིའི་སྒྲིག་བཀོད་དང་། མཉམ་སྦྲེལ་མཉམ་མཐུད། ཚོང་དོན་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལ་ཡར་རྒྱས་མྱུར་པོ་བྱུང་ནས་མི་རྣམས་དགའ་འོས་པ་ཞིག་བྱུང་ཡོད་ཅེས་བརྗོད་པ་རེད།
     ཕུའུ་ཨེན་གྱིས་ནེ་པ་ལ་ནི་གོ་སྐབས་ཀྱིས་ཁེངས་པའི་ས་ཆ་ཞིག་ཡིན་པས་ཀྲུང་གོའི་ཁེ་ལས་མཁས་ཅན་དེ་བས་མང་བ་མ་འཇོག་ལས་དར་བྱེད་པར་ཡོང་ནས་ནེ་པ་ལར་“ནེ་པ་ལ་དར་རྒྱས་དང་། བདེ་སྐྱིད་ལྡན་པའི་ནེ་པ་ལ་བའི”རྒྱལ་ཁབ་ཀྱི་འདོད་འདུན་སྔ་ཙམ་མངོན་འགྱུར་ཡོང་རྒྱུར་རོགས་རམ་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།
     གླེང་སྟེགས་ལ་ཞུགས་པའི་ནེ་པ་ལའི་ཞིང་ཆེན་མང་པོའི་དབུ་བཞུགས་པུའུ་ཀྲང་ཁག་སོ་སོས་གཏམ་བཤད་སྤེལ་ནས། རང་ཞིང་ཆེན་གྱི་ཐོན་ཁུངས་དང་ལེགས་ཆ་ངོ་སྤྲོད་བྱས་ཏེ་ཀྲུང་གོར་ཕྱོགས་པའི་ཚོང་འགུག་མ་འདྲེན་གྱི་འདོད་འདུན་ཆེན་པོ་མཚོན་པར་བྱས་པ་རེད།