འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་11ཉིན།

༄༅༎ཨུ་རུ་སུའི་སྲིད་གཞུང་སྒྲིག་གཞིས་ཀུའུ་ཀོ་སོགས་ཀྱིས་ཨུ་རུ་སུའི་བདག་དབང་ལ་ཐེ་ཇུས་བྱས་པའི་དོགས་གཞི་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་11ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་9ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གློག་འཕྲིན་དང་། ཆ་འཕྲིན་ལག་རྩལ་དང་སྤྱི་དམངས་སྨྱན་སྦྱོར་ལྟ་འདོམས་ཅུས་ཀྱིས། སྒྲིག་གཞི་དེས་དེ་ཉིན་ཨུ་རུ་སུའི་ས་གནས་ཀྱི་འདེམས་ཤོག་འཕེན་པར་ལྟ་སྐུལ་བྱེད་སྐབས། ཀུའུ་ཀོ་དང་། ལེན་ཧྲུའུ། ཡའུ་ཐུའུ་བཅས་ཀྱིས་ཚོད་འཛིན་བྱེད་པའི་དྲ་རྒྱའི་ཐོན་ཁུངས་ཀྱིས་ད་རེས་ཀྱི་འདེམས་བསྐོ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་བརྡ་ཆ་འགྲེམ་སྤེལ་བྱས་པ་ཤེས་རྟོགས་བྱུང་ཡོད། བྱེད་སྟངས་དེར་ཨུ་རུ་སུའི་བདག་དབང་ལ་ཐེ་ཇུས་བྱས་པའི་དོགས་གཞི་ཡོད་ཅེས་བཤད་པ་རེད།
     ཅུས་དེའི་གཞུང་ཕྱོགས་དྲ་ཚིགས་ཀྱིས་གསར་འགྱུར་སྤྱི་བསྒྲགས་སྤེལ་བའི་ནང་། བྱེད་སྟངས་དེ་རིགས་ནི“ཨུ་རུ་སུའི་བདག་དབང་ལ་ཐེ་ཇུས་བྱས་པ་དང་ཨུ་རུ་སུས་འདེམས་བསྐོ་བྱེད་པར་འགོག་རྐྱེན་བཟོས་པར་བརྩི་ཆོག”པ་དང“ཨུ་རུ་སུས་ཕྱི་རྒྱལ་གྱི་ཁེ་ལས་བྱེད་སྒོ་དེ་དག་ནང་ཞུགས་སུ་འཇུག་གི་མིན”ཞེས་འཁོད་ཡོད།