འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅།།ཨ་ལི་པ་པ་ཚོང་ལས་སློབ་གླིང་གི་ཧྥེ་གླིང་གི་མངའ་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་
གྱི་དངོས་གཞིའི་འཛིན་གྲྭ་དང་པོ་དེ་ཟླ་9པར་སློབ་འགོ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་ལི་པ་པ་ཚོང་ལས་སློབ་གླིང་གི་ཧྥེ་གླིང་གི་མངའ་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་
གྱི་དངོས་གཞིའི་འཛིན་གྲྭ་དང་པོ་དེ་ཟླ་9པར་སློབ་འགོ་བཙུགས་པ།
     མི་དམངས་དྲ་བའི་འཕྲིན། ཨ་ལི་པ་པ་ཚོགས་པ་དང་རུ་ཝང་ཏ་སྲིད་གཞུང་གིས་ཐུན་མོང་ཐོག་བཙུགས་པའི་འཛམ་གླིང་གི་དྲ་ཐོག་ཚོང་དོན་སྤྱི་སྟེགས་གྲོས་མཐུན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པའི་ཨ་ལི་པ་པ་ཚོང་ལས་སློབ་གླིང་དང་རུ་ཝང་ཏ་མཐོ་རིམ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཉེར་བའི་ཨ་ལི་པ་པ་ཚོང་ལས་སློབ་གླིང་གི་ཧྥེ་གླིང་གི་མངའ་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་ལས་ཀྱི་དངོས་གཞིའི་འཛིན་གྲྭ་དང་པོ་དེ་ཟླ་9པར་སློབ་འགོ་ཚུགས་པ་དང་། ཁག་དང་པོའི་སློབ་མ་22ཚང་མ་རུ་ཝང་ཏ་ནས་ཡིན་པ་རེད། འདི་ནི་རུ་ཝང་ཏའི་ཁི་ཀ་ལི་རྒྱལ་སྤྱིའི་གནམ་ཐང་དུ། ཀྲུང་གོར་བསྐྱོད་མཁན་རུ་ཝང་ཏའི་ཕོ་གསར་མན་ཁེ་མན་ཆིས་(དཀྱིལ)གཉེན་ཉེ་དང་ཁ་གྱེས་བཞིན་ཡོད་པ་དང་། མན་ཁེ་མན་ཆིས་དུས་ཡུན་ལོ་4རིང་ཧང་ཀྲོའུ་རུ་ཁྱོན་ཡོངས་ནས་མཉམ་འབྲེལ་དྲ་རྒྱ་དང་། རྒྱལ་སྤྱིའི་ཆོང་དོན། མངའ་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་བཅས་དང་འབྲེལ་བའི་ནང་དོན་སློབ་སྦྱོང་བྱ་རྒྱུ་དང་། ལྷག་པར་དུ་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཉམས་མྱོང་སློབ་སྦྱོང་བྱ་རྒྱུ་རེད།
༄༅།།ཨ་ལི་པ་པ་ཚོང་ལས་སློབ་གླིང་གི་ཧྥེ་གླིང་གི་མངའ་ཁོངས་ལས་བརྒལ་བའི་དྲ་ཐོག་ཚོང་དོན་
གྱི་དངོས་གཞིའི་འཛིན་གྲྭ་དང་པོ་དེ་ཟླ་9པར་སློབ་འགོ་བཙུགས་པ།