འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་10ཉིན།

༄༅༎དཀར་མཛེས་ཁུལ་གནམ་གཤིས་ཅུས་ཀྱིས་གནམ་གཤིས་ཀྱི་ལས་སྒོའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་10ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་དཀར་མཛེས་ཁུལ་གནམ་གཤིས་ཅུས་ཀྱིས་ཁུལ་ཡོངས་ཀྱི་གནམ་གཤིས་སྡེ་ཚན་སྒྲིག་འཛུགས་བྱས་ནས་གནམ་གཤིས་ཀྱི་ལས་སྒོའི་རྩལ་ནུས་ཀྱི་བརྙན་ལམ་གསོ་སྦྱོང་བྱས་པ་རེད། ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)ཅུས(ས་ཚིགས)18དང་ཁུལ་ཅུས་ཀྱི་འབྲེལ་ཡོད་ཚན་པ་ཁག་གི་མི་ཁྱོན་100ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།
     གསོ་སྦྱོང་གིས་གནམ་གཤིས་ལྟ་དཔྱད་ཚད་ལེན་གྱི་སྤུས་ཚད་དོ་དམ་མ་ལག་དང་གནམ་གཤིས་ལྟ་དཔྱད་ཚད་ལེན་སྒྲིག་ཆས་ཀྱི་སྒུལ་རྣམ་དང་དེ་བཞིན་རང་འགུལ་ས་ཚིགས་ཀྱི་སྲུང་སྐྱོང་ཉམས་གསོ་དང་། ཚད་འཇལ་ཞིབ་བཤེར། སྐྱོན་བཤེར་སོགས་ལ་དམིགས་ནས་གསོ་སྦྱོང་བྱས་པ་རེད་། ད་ཐེངས་ཀྱི་གསོ་སྦྱོང་བརྒྱུད་གསོ་སྦྱོང་ནང་ཞུགས་མཁན་ཚོས་ལས་སྒོའི་ལས་དོན་ལ་ཤེས་རྟོགས་དང་ངོས་འཛིན་བྱེད་ཚད་ཟབ་ཏུ་ཕྱིན་པ་དང་། གནམ་གཤིས་ལས་སྒོ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།