འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་9ཉིན།

༄༅།།དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་དགེ་བའི་བཤེས་གཉེན་ལ་སྨོན་འདུན་ཞུ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་09ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་དགེ་བའི་བཤེས་གཉེན་ལ་སྨོན་འདུན་ཞུ་བ།
     དགེ་རྒན་དུས་ཆེན་ཐེངས་35པ་འཆར་ཉེའི་མཚམས་སུ་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཧེང་ཁྲང་སྲང་ལམ་སློབ་ཆུང་གིས“དགེ་རྒན་དུས་ཆེན་འཆར་ཉེའི་མཚམས་སུ་དགེ་བའི་བཤེས་གཉེན་ལ་སྨོན་འདུན་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད། སློབ་གྲོགས་ཚོས་ལུས་རྩལ་ཐང་ཆེན་དུ“9·10”ཡི་དབྱིབས་དང་འདྲ་བའི་རུ་སྟར་བསྒྲིགས་ནས་དགེ་བའི་བཤེས་གཉེན་ལ་སྨོན་འདུན་ཞུ་ལུགས་དང་དྲིན་ཚོར་གྱི་སེམས་པ་མཚོན་པར་བྱས་ཤིང་། འདི་ནི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཡུས་ཆོན་ཆུས་ཧེང་ཁྲང་སྲང་ལམ་སློབ་ཆུང་གི་སློབ་མས“9·10”ཡི་དབྱིབས་དང་འདྲ་བའི་རུ་སྟར་བསྒྲིགས་ནས་དགེ་བའི་བཤེས་གཉེན་ལ་སྨོན་འདུན་ཞུ་བཞིན་པ།