འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་6ཉིན།

༄༅༎རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བརྗོད་དོན་གཙོ་བོའི་གླུ་གཞས་MVཐོག་མར་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
ཟླ་སྔོན་མའི་ཟླ་འགོར། ཧན་ལེ་ཡིས་ཀྲེན་ཀྲོའུ་རུ་《རྒྱུག་བཞིན་པའི་ཕུགས་འདུན》ཞེས་པའི་MVཕབ་བཟོ་བྱེད་བཞིན་པ།
ཟླ་སྔོན་མའི་ཟླ་འགོར། ཧན་ལེ་ཡིས་ཀྲེན་ཀྲོའུ་རུ་《རྒྱུག་བཞིན་པའི་ཕུགས་འདུན》ཞེས་པའི་MVཕབ་བཟོ་བྱེད་བཞིན་པ།
     མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བརྗོད་དོན་གཙོ་བོའི་གླུ་གཞས་《རྒྱུག་བཞིན་པའི་ཕུགས་འདུན》ཞེས་པའི་MVཐོག་མར་བཀྲམ་པ་དང་། བརྗོད་དོན་གཙོ་བོའི་གླུ་གཞས་དེ་ནི་གླུ་གཞས་གཏོང་མཁན་གྲགས་ཅན་སྒྱུ་རྩལ་མཁས་ཅན་ཧན་ལེས་བཏང་བ་དང། ཝང་ཕིང་ཅུའུ་ཡིས་ཚིག་བརྩམས་པ་དང་། མཱ་ཧྲན་ཡུའེ་དང་ཁྲན་ཧྲི་ལེ་ཡིས་གཞས་གདངས་བརྩམས་པ་རེད། MVཡིས་ཨོ་རྩལ་འགྲན་ཚོགས་ལྟེ་གནས་ནས“མ་རྨོས་ལོ་ཏོག་ཆེ་མོའི”བར་གྱི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་མང་པོ་བརྙན་ཕབ་བྱས་ནས། མཛེས་སྡུག་ལྡན་ཤོས་དང་མགྲོན་པོར་དགའ་ཤོས་ཀྱི་ཀྲེང་ཀྲོའུ་འཛམ་གླིང་ཡོངས་ལ་མངོན་པར་བྱས་ཡོད།
     ཟླ་གོང་མའི་ཟླ་འགོར། ཧན་ལེས་འཁྲབ་སྟོན་པ་160དང་ཀྲེང་ཏུང་ཁུལ་གསར་ཀྱི་CBDདང་ཨོ་རྩལ་འགྲན་ཚོགས་ལྟེ་གནས་སོགས་འབྲེལ་ཡོད་ཡུལ་ལྗོངས་པར་ལེན་ལེགས་འགྲུབ་བྱས་པ་རེད། ཧན་ལེས་“གླུ་གཞས་དེས་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་དང་། སྐྱེས་སྟོབས་ཀྱི་དཔལ་འབར་བའི་སེམས་ཁམས་མཚོན་ཡོད”ཅེས་བརྗོད་པ་དང་། སྐབས་དེ་དུས་ཧན་ལེས་བརྙན་ཕབ་བྱ་ཡུལ་དུ་གླུ་གཞས་དེ་བཏང་བ་བརྒྱུད་རང་ཉིད་འགྲན་རའི་ཐོག་གི་ལུས་རྩལ་པ་ཞིག་དང་འདྲ་བར་འབད་འབུངས་ཡར་བརྩོན་གྱི་་བསམ་པའི་ཉམས་འགྱུར་ལྡན་བྱུང་ཞེས་བཤད།
     གློག་བརྙན་བཟོ་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། 《རྒྱུག་བཞིན་པའི་ཕུགས་འདུན》ཞེས་པའི་MVཡི་རིང་ཚད་ལ་སྐར་མ་4ལྷག་ཙམ་ཡིན་པ་དང་། ཕྱི་ལྗོངས་ལ་ཝུའུ་ལན་ཁྲ་པུའི་ཧུའེ་ཐེང་ཤིས་ལེ་རྩྭ་ཐང་ཆེ་མོ་ཕུད་གཙོ་བོ་ཀྲེན་ཀྲོའུ་ཡི་གཞི་རྒྱུ་ལྡན་པ་་བྱས་ཡོད། CBDཡི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་དང་ཨོ་རྩལ་འགྲན་ཚོགས་ལྟེ་གནས་ཕུད། མེ་སོན་འཚོལ་བསྡུ་བྱེད་སའི་ཏིང་ཧྥུའུ་ཀོན་ཤིང་ཐའེ་དང་། ཡན་ཧོང་གོང་མ་གཉིས་ཀྱི་སྐུ་བརྙན། ཧོང་ཏི་ཡི་བཞུགས་གནས། གཉིས་བདུན་དྲན་གསོའི་མཆོད་རྟེན་སོགས་ཀྲེང་ཀྲོའུ་ཡི་མཚོན་རྟགས་རང་བཞིན་གྱི་སྐྲུན་དངོས་རེ་རེ་བཞིན་མངོན་པར་བྱས་ཡོད།
     གཞན་ཡང་རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་ཤོག་སྦག་ཚོན་ཁྲ་ཅན་དང་། གྲུ་གཟིངས་འབྲུག་མགོ་ཅན། ཐེ་པེད་། མུ་ཏིག་སྤོ་ལོ། མདའ་སོགས་འགྲན་བསྡུར་རྣམ་གྲངས་ཀྱི་ལུས་རྩལ་པའི་སྦྱོང་བརྡར་རྣམ་པ་ཡང་MVནང་དུ་མངོན་པར་བྱས་ཡོད།