འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་6ཉིན།

༄༅༎རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་དངོས་ཐོན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོའི་སྦྲག་དངོས་ཐོན་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་28ཉིན། ཧོ་ནན་ཞིང་ཆེན་ཡིག་ཟམ་པར་འདེབས་བཟོ་གྲྭའི་འཁོར་ཁང་ནང་དུ་རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བརྗོད་དོན་གཙོ་བོའི་སྦྲག་དངོས་པར་འདེབས་བྱེད་འགོ་ཚུགས་པ་རེད།
     ●རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་བརྗོད་དོན་གཙོ་བོའི་སྦྲག་དངོས་ཟླ་9ཚེས་8ཉིན་དངོས་སུ་ཡོངས་བསྒྲགས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།
     ●བརྗོད་དོན་གཙོ་བོའི་འཕྲིན་ཤོག་ཆ་ཚང་ཁག་གསུམ་ནང་འགྲན་བསྡུར་གྱི་རྣམ་གྲངས་དང་། ཚོགས་རྭ་། ཚོགས་རྟགས་བཅས་མངོན་པར་བྱས་ཡོད་པ།
     ●བརྗོད་དོན་གཙོ་བོའི་སྦྲག་འཛིན་གཞུང་པར་པར་འདེབས་རེར་སྦྲག་འཛིན་8ཡོད་པ་དང་། འཕྲེད་པར་པར་འདེབས་རེར་སྦྲག་འཛིན་12ཡོད་པ།
     ●ཉིན་དང་པོའི་དྲན་གསོའི་ཡིག་སྐོགས་ཐོག་ཀྲེན་ཀྲོའུ་དང་འགྲན་བསྡུར་གྱི་གཞི་རྒྱུའི་པར་རིས་བརྒྱབ་ཡོད་པ།