འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་6ཉིན།

༄༅༎རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་དཔལ་འབར་བརྒྱུད་སྤྲོད་ལས་དོན་གྲ་སྒྲིག་ཟིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཁ་སང་ཕྲི་དྲོ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྩ་འཛུགས་པུའི་པུའུ་ཀྲང་ཅོའོ་ཡུས་རུས་ཀྱིསའབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་སྣེ་ཁྲིད་ནས་གཉིས་བདུན་ཁུལ་དང་། ཀྲེང་ཏུང་ཁུལ་གསར་དུ་བསྐྱོད་ནས་ལུས་རྩལ་འགྲན་ཚོགས་ཀྱི་གྲོང་ཁྱེར་དཔལ་འབར་བརྒྱུད་སྤྲོད་ཀྱི་རྒྱུག་འགོ་འཛུགས་སའི་མཛད་སྒོ་དང་། མཇུག་བསྡུའི་མཛད་སྒོ་ཚོགས་ཡུལ་དང་དཔལ་འབར་བརྒྱུད་སྤྲོད་ལམ་རྒྱུད་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་རྣམ་པ་གཏོད་པའི་འགན་ལེན་ལས་དོན་སོགས་ལ་བརྟག་ཞིབ་གནང་བ་རེད།
     གྲོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང། ཧྲི་ཀྲང་གཞོན་པ་བཅས་ཡིན་པའི་ཧོང་ཆིང་དང་། ཧྲི་ཀྲང་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་མཱ་དབྱི་ཀྲུང་བརྟག་ཞིབ་ནང་ལྷན་དུ་ཕེབས་ཡོད།
     ཅོའོ་ཡུས་རུས་བཅས་པས་སྔ་རྗེས་སུ་བདུན་གཉིས་ཐང་ཆེན་དང་། རུའུ་དབྱི་མཚེའུ་ཐང་ཆེན་བཅས་ཀྱི་ཁོངས་གཏོགས་ས་ཆ་དང་འབྲེལ་ཡོད་སྡེ་ཚན་གྱི་བྱེད་སྒོ་སྒྲིག་འཛུགས་དང་། བདེ་འཇགས་འགན་ལེན། ཁོར་ཡུག་ལེགས་སུ་གཏོང་བ་བཅས་ཀྱི་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་མཁྱེན་རྟོགས་གནང་བ་རེད།  
     དེ་རྗེས་འཚོགས་པའི་སྐུལ་འདེད་ཚོགས་འདུའི་ཐོག ཅོའོ་ཡུས་རུས་ཀྱིས་དཔལ་འབར་བརྒྱུད་སྤྲོད་མཛད་སྒོ་ནི་ལུས་རྩལ་འགྲན་ཚོགས་དངོས་མ་ཚོགས་གོང་གི་བྱེད་སྒོ་གལ་ཆེན་ཞིག་ཡིན། མཐའ་མའི་འགག་རྩའི་དུས་སུ་སླེབས་སྐབས་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་བས་ཚུགས་གནས་མཐོ་རུ་གཏོང་བ་དང་། བཀོད་སྒྲིག་ཞིབ་ཚགས། བྲེལ་འཚབ་ཆེ་བའི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་སྟེ་གནད་དོན་ཕྱོགས་སྟོན་དུ་འཛིན་ནས་སྤུས་ཚད་མཐོ་པོའི་ངང་གྲ་སྒྲིག་ལས་དོན་ཁག་ལེགས་པོ་སྒྲུབ་སྟེ་ཡག་ཐོག་ཡག་བརྩེགས་དང་འཕྱུགས་པ་གཏན་ནས་མེད་པའི་ཐོག་ནས་ཀྲེན་ཀྲོའུ་ཡི་ཉམས་བཟང་ཁྱོན་ཡོངས་ནས་མངོན་པར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།