འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་6ཉིན།

༄༅༎སི་ཁྲོན་གྱི་དབྱིས་རིགས་དང་བོད་རིགས་ས་ཁུལ་གྱི་སློབ་ཤོར་དང་སློབ་གྲྭར་འགྲོ་མཚམས་བཞག་པའི་སློབ་གྲྭ་
འབྲིང་ཆུང་གི་སློབ་མ་ཡོངས་ལ་ཁ་ཏ་བྱས་ནས་ཚུར་བསྐོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་06ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་སྔ་དྲོར། གསར་འགོད་པས་སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་གཉིས་པའི་ཐོག་ནས་ཤེས་རྟོགས་བྱས་པ་ལྟར་ན། སི་ཁྲོན་གྱི་དབྱིས་རིགས་དང་བོད་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་ཤོར་དང་སློབ་གྲྭར་འགྲོ་མཚམས་བཞག་པའི་སློབ་མ་ཁྲི་6.1ལ་ཁ་ཏ་བྱས་ནས་ཚུར་བསྐོངས་ཟིན་པ་དང་། དེ་འཕྲོས་རྣམས་ད་ལོའི་སྟོན་ཀའི་སློབ་དུས་སུ་ཚང་མ་ཁ་ཏ་བྱས་ནས་ཚུར་བསྐོང་རྒྱུ་རེད། ཏ་ལེང་ཧྲན་རི་བོའི་རྫོང་གི་དབུལ་པོའི་དགེ་རྒན་གྱི་སྒྲིག་ཁོངས“མི་འདང་བའི”གནད་དོན་སེལ་ཆེད། སི་ཁྲོན་གྱིས་ད་དུང་ལེང་ཧྲན་ལ་དགེ་རྒན་3000གི་སྒྲིག་ཁོངས་འགན་སྲུང་གི་འདུ་འགོད་ལག་བསྟར་བྱ་རྒྱུ་རེད།
     “མིག་སྔའི་བར། རང་ཞིང་ཆེན་གྱི་དབྱིས་རིགས་ས་ཁུལ་དང་བོད་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་ཤོར་དང་སློབ་གྲྭར་འགྲོ་མཚམས་བཞག་པའི་སློབ་མ་ཁྲི་7.1གི་ནང་ནས་ཁྲི་6.1ལ་ཁ་ཏ་བྱས་ནས་ཚུར་བསྐོངས་ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཁྱིམ་དབུལ་པོའི་བུ་ཕྲུག་ཡོངས་ཚུར་བསྐོངས་པ་དང་། དེ་འཕྲོས་རྣམས་ད་ལོའི་སྟོན་ཀའི་སློབ་དུས་སུ་ཚང་མར་ཁ་ཏ་བྱས་ནས་ཚུར་བསྐོང་རྒྱུ་རེད”ཅེས་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ལས་ཁུངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཀྲི་ཀང་གིས་གསར་འགོད་པའི་འབྲེལ་ཡོད་ཀྱི་དྲི་བར་ལན་བཏབ་ཅིང་། ཁོང་གིས། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་ལ་དམ་འཛིན་བྱས་ཏེ་སློབ་མ་དབུལ་པོ་ཡོངས་སློབ་གྲྭར་འགྲོ་ཐུབ་ཆེད་སི་ཁྲོན་ཞིང་ཆེན་གྱིས་བསྟུད་མར་ཡིག་ཆ་4བཀྲམ་པ་དང་། ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་ཐེངས་གསུམ་འཚོགས་ཏེ་སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་གི“དཔོན་ལྔའི”འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ཡོད། སྤྱི་བདེའི་ཐེམ་ཁོངས་དང་སློབ་གསོའི་སློབ་ཁོངས་ལྟ་སྡུར་དཔྱད་ཞིབ་ལམ་སྲོལ་དང་དེ་བཞིན་རྫོང་དང་། ཤང་། གྲོང་ཚོ། སློབ་གྲྭ་བཅས་ཀྱི་རྩིས་ཐོ་བཞི་བཟོས་ནས་གདིང་གཞི་གསལ་རྟོགས་བྱས་ཡོད། སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་གི་འགུལ་ཚུལ་དོ་དམ་མ་ལག་བཟོས་ཏེ་སློབ་ཤོར་དང་སློབ་མཚམས་བཞག་པའི་མི་སྒེར་གྱི་ཆ་འཕྲིན་མཛོད་འཇུག་དང་། འགུལ་རྣམ་ལྟ་སྡོམ། རེ་རེ་བཞིན་སློབ་གྲྭར་འགྲོ་མཚམས་བཞག་པའི་རྩིས་ཐོ་གསུབ་པ་བཅས་ལག་བསྟར་བྱས་ཤིང་། མིག་སྔར་ལེང་ཧྲན་ཀྲོའུ་ཡོངས་ལ་ཁྱབ་པ་དང་སྟོན་ཀར་དཀར་མཛེས་དང་རྔ་པ་ཀྲོའུ་མ་ལག་ནང་བཅུག་ནས་དོ་དམ་བྱ་རྒྱུ་ཡིན་ཞེས་བཤད།
     ལེང་ཧྲན་དབྱིས་རིགས་ས་ཁུལ་ནི་སི་ཁྲོན་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ཞིག་ཡིན་ལ། འོས་འགན་སློབ་གསོའི་འགན་སྲུང་ཡོད་པའི་ནང་ལེང་ཧྲན་དབྱིས་རིགས་ས་ཁུལ་གྱི་དགེ་རྒན་གྱི་སྒྲིག་ཁོངས་དཀོན་པའི་གནད་དོན་སྐབས་ཤིག་རིང་ཅུང་མངོན་གསལ་དོད་པོ་ཡོད། དེར་བརྟེན། སི་ཁྲོན་གྱིས་ལེང་ཧྲན་ཀྲོའུ་ཡི་རྫོང་དབུལ་པོའི་འོས་འགན་སློབ་གསོའི་དགེ་རྒན་3000གི་སྒྲིག་ཁོངས་འགན་སྲུང་འདུ་འགོད་ལག་བསྟར་བྱས་ཏེ་དགེ་རྒན་གྱི་སྒྲིག་ཁོངས་མི་འདང་བའི་གནད་དོན་ཐག་བཅད་ཡོད།