འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་4ཉིན།

སྐབས་རིམ་བྱུང་ལས་གཞི་ཁྱོན་ཆེ་ཤོས་དང་། རྣམ་གྲངས་ཕུན་སུམ་ཚོགས་ཤོས།

༄༅༎རྒྱལ་ཡོངས་ཀྱི་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པར་བཀྲག་མདངས་འཚེར་ས་མང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་04ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན་གྱི་ཕྱི་དྲོ། རྒྱལ་ཡོངས་མི་རིགས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ལྷན་གྱིས་ཀྲེང་ཀྲོའུ་ཨོ་རྩལ་འགྲན་ཚོགས་ལྟེ་གནས་སུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པ་འཚོགས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ནང་ཞུགས་པའི་འཐུས་མི་ཚོགས་པ་34ཡོད་པ་དང་འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་7009ཡོད་པས། དེ་དག་ཚང་མ་སྐབས་རིམ་བྱུང་ནང་གི་མང་ཤོས་ཡིན་པ་རེད།
     རྩལ་འགྲན་འཁྲབ་སྟོན་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་རྩལ་འགྲན་འཁྲབ་སྟོན་ནང་རྣམ་གྲངས་རྐྱང་པ་18བཀོད་སྒྲིག་བྱས་ཡོད་པ་དང་། རྟ་ཐོག་རྣམ་གྲངས་འགྲན་བསྡུར་ཟླ་7ཚེས་12ནས་17ཉིན་བར་ཧུའུ་ཧོ་ཧའོ་ཐེར་རྒྱལ་ཁའི་ངང་མཇུག་འགྲིལ་ཟིན་པ་དང་། གཞན་རྣམ་གྲངས་རྐྱང་པ་17དང་རྣམ་གྲངས་ཆུང་གྲས་131གི་འགྲན་བསྡུར་ཀྲེན་ཀྲོའུ་ཡི་སློབ་གླིང(ཚན་པ)10དང་ལུས་རྩལ་ཁང་དང་ཐང་16ཏུ་གཉེར་རྒྱུ་དང་། འགྲན་བསྡུར་ནང་ཞུགས་མཁན་འཐུས་མི་ཚོགས་པ་34དང་འགྲན་བསྡུར་ནང་ཞུགས་མཁན་ལུས་རྩལ་པ་7009ཡོད་པ་དེ་ནི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་གཉེར་ཚུན་གྱི་གཞི་ཁྱོན་ཆེ་ཤོས་ཤིག་རེད། དེ་མིན། སྐབས་འདིའི་ལུས་རྩལ་འགྲན་ཚོགས་ཀྱིས་ད་དུང་ཧོ་ནན་ཞིང་ཆེན་གྱི་དྲག་རྩལ་ཞིང་ཆེན་ཆེན་པོའི་ལེགས་ཆ་མངོན་པར་བྱ་རྒྱུ་ཡིན་ལ། “ཧྲའོ་ལིན་དྲག་རྩལ་”དང་“ཁྲེན་ཧྲི་ཐའེ་ཅི་དྲག་རྩལ་”སོགས་ཀྱང་རེ་རེ་བཞིན་མངོན་པར་བྱ་རྒྱུ་རེད།