མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་11པའི་འཐུས་མིར་མཇལ་འཕྲད་གནང་། ལི་ཁེ་ཆང་དང་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 09ཚེས་03ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་9ཚེས་2ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཝང་ཆི་ཧྲན་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།

     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚེས་2ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་འཐུས་མི་ཡོངས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ་ཁོང་ཚོར་མི་ཆོས་དང་། བྱམས་བརྩེ། ལེགས་སྐྱེས་འབུལ་བ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་སྒྱུར་བཅོས་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱིས་རྒྱ་གྲམ་དམར་པོའི་བྱ་གཞག་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེན་པོ་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། 
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ནང་ཞུགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཕེབས་པ་རེད། 
     སྔ་དྲོའི་ཆུ་ཚོད་10པར། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་པ་ན་ཚོགས་ཁང་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས། ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོ་དང་བྱམས་བརྩེའི་ངང་ཕྱག་འཇུས་གནང་བ་དང་སྐབས་འགར་གླེང་མོལ་གནང་བ་དང་འབྲེལ་ཚང་མ་དང་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། 
     སུན་ཁྲུན་ལན་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་འགོ་ཚུགས་མཛད་སྒོའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཤིས་ཚིག་གསུངས་པ་རེད། མོ་རང་གིས་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱ་གྲམ་དམར་པོའི་ཚོགས་པའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འགོ་འཛུགས་ས་གསར་པར་ལངས་ནས་རྒྱ་གྲམ་དམར་པོའི་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཡང་དག་པའི་ཁ་ཕྱོགས་བརྟན་དུ་གཏོང་བ། མི་ཆོས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་པ་དང་། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་བྱེད་པ། རྒྱལ་སྤྱིའི་རོགས་སྐྱོར་སྤེལ་བ། དམངས་ཁྲོད་ཕྱི་འབྲེལ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་ཧུར་ཐག་གིས་རྒྱལ་ཁབ་ལ་ལེགས་སྐྱེས་འབུལ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་ཚོགས་གཙོ་ཁྲེན་ཀྲུའུ་ཡིས་གཙོ་སྐྱོང་གནང་ཞིང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པི་ཏེ་མོ་ལེར་གྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ་ལ། རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ལན་ཤིས་སི་ཁོ་ལུའོ་ཁ་ཡིས་ཤིས་ཚིག་ཕུལ་བ་དང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་འཐུས་མི་ལི་ཡུས་ཧྥུའུ་ཡིས་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་ཤིས་ཚིག་ཕུལ་བ་རེད། ཚོགས་འདུའི་ཐོག་སྐབས་47པའི་ནན་ཏིང་ཀེར་བྱ་དགའ་ཐོབ་མཁན་ཀྲུང་གོ་བ་ལ་བྱ་དགའ་སྤྲད་པ་དང་འབྲེལ། རྒྱལ་ཡོངས་རྒྱ་གྲམ་དམར་པོའི་ཚོགས་པའི་ཁོངས་གཏོགས་སྔོན་ཐོན་ལས་ཁུངས་32དང་སྔོན་ཐོན་ལས་དོན་པ་10ལ་གཟེངས་བསྟོད་ཀྱང་བྱས་པ་རེད། 
     ཏིང་ཞུའེ་ཞང་དང་། དབྱང་ཅེ་ཁྲི། ཧོང་ཁུན་མིང་། ཞའོ་ཅེ་བཅས་མཇལ་འཕྲད་ནང་ཞུགས་ཡོད་པ་དང་། ཁྲེན་ཞི་དང་། ཝང་ཡུང་། ཝང་དབྱི་བཅས་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་འགོ་ཚུགས་མཛད་སྒོར་ཡང་ཕེབས་པ་རེད།

【1】  【2】

ཟླ་9ཚེས་2ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཝང་ཆི་ཧྲན་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།
ཟླ་9ཚེས་2ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཝང་ཧུའུ་ཉིང་། ཝང་ཆི་ཧྲན་སོགས་ཀྱིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་བ་རེད།

style="display:none;"