འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་29ཉིན།

༄༅༎བོད་རིགས་ཕྲུ་གུ་ཚོ་སློབ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་29ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་མ་ཞིག་གིས་ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།
འདི་ནི་གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་མ་ཞིག་གིས་ལུས་རྩལ་ཐང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།
     ཟླ་8ཚེས་26ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པའི་སློབ་དུས་གསར་པ་དངོས་སུ་འགོ་ཚུགས་པ་རེད། གཙོས་གྲོང་ཁྱེར་གྱི་སློབ་ཆུང་བཞི་པར་ཁྱོན་ལོ་རིམ་6དང་འཛིན་གྲྭ་24ཡོད་ཅིང་། སློབ་གྲྭ་ཡོངས་ཀྱི་བོད་རིགས་སློབ་མ་1068ཚང་མ་ནི་གཙོས་གྲོང་ཁྱེར་གྱི་ཁྲོམ་གཞུང་བཞི་དང་དེ་བཞིན་བསང་ཆུ་དང་། ཅོ་ནེ། ཐེ་བོ་སོགས་རྫོང་ནས་ཡོང་བ་ཤ་སྟག་རེད། རྒྱུན་སྲོལ་གྱི་སློབ་ཚན་ཕུད། སློབ་གྲྭས་ད་དུང་གསུང་རབ་ཀློག་འདོན་དང་། རྐང་རྩེད་སྤོ་ལོ། ཞབས་བྲོ་སོགས་ཀྱི་དགའ་ཕྱོགས་འཛིན་གྲྭ་བཙུགས་པས་སློབ་མ་ཚོས་རང་ཉིད་ཀྱི་དགའ་ཕྱོགས་དང་བསྟུན་ནས་དེའི་ནང་ཞུགས་ཏེ་སློབ་ཕྱིའི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་ཆོག་གི་ཡོད།