མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་27ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། 2019ལོའི་ཀྲུང་གོའི་རྒྱལ་སྤྱིའི་རིག་ནུས་ཐོན་ལས་དངོས་མང་སྟོན་ཚོགས་ཚེས་26ཉིན་ཁྲུང་ཆིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུར་རྟེན་འབྲེལ་ཞུ་པ་རེད།
     ཞི་ཅིན་ཕིང་གིས་མིག་སྔར་དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། མི་བཟོས་རིག་ནུས་སོགས་མཚོན་བྱེད་དུ་བྱས་པའི་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་ནས། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་དང་། རིག་ནུས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་བཅས་ཀྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སོགས་ཐད་གལ་ཆེན་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་རིག་ནུས་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་དུ་འགྱུར་མགྱོགས་སུ་བཏང་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རིག་ནུས་དུས་རབས་མཉམ་གཏོད་དང་རིག་ནུས་གྲུབ་འབྲས་མཉམ་སྤྱོད་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"