འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་27ཉིན།

༄༅།།ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སྲུང་སྐྱོང་དོ་
དམ་ལ་ཁྲིམས་ཡོད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་27ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་23ཉིན། གསར་འགོད་པས་《ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སྲོལ་ཡིག》(གཤམ་དུ་《སྲོལ་ཡིག》ཞེས་བསྡུ་རྒྱུ། )ལག་བསྟར་འགྲེམ་བསྒྲགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། གོམ་གང་མདུན་སྤོས་ངང་བདེ་ཆེན་གྱི་བོད་ལུགས་གསོ་རིག་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་རིམ་པ་མང་བའི་བོད་ལུགས་གསོ་རིག་གི་ཞབས་ཞུའི་དགོས་མཁོ་བསྐོང་བ། མི་དམངས་ཀྱི་གཟུགས་གཞི་བདེ་ཐང་འགན་སྲུང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་ཆེད། 《སྲོལ་ཡིག》དེ་2018ལོའི་ཟླ་12ཚེས་28ཉིན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2019ལོའི་ཟླ་5ཚེས་16ཉིན། ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པས་ཆོག་མཆན་སྤྲད་ནས་2019ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
《སྲོལ་ཡིག》དེ་སྤེལ་བ་དེས། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ལུགས་གསོ་རིག་སྲུང་སྐྱོང་དོ་དམ་ལས་དོན་ཚད་གཞི་ཅན་དང་། ཁྲིམས་ལུགས་ཅན་གྱི་ལམ་བུའི་ཐོག་སྐྱོད་ནས། བདེ་ཆེན་གྱི་བོད་ལུགས་གསོ་རིག་སྲུང་སྐྱོང་དོ་དམ་ལ་བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པའི་ལེའུ་གསར་པ་ཕྱེ་ཡོད།