འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎ཕྱི་འབྲེལ་པུས་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བར་དཀའ་ངལ་ཚབས་ཆེན་འཕྲད་པའི་འགན་འཁྲི་ཚང་མ་ཁ་ན་ཏའི་
ཕྱོགས་སུ་ཡོད་ཅེས་བཤད་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
    མི་དམངས་དྲ་བའི་འཕྲིན། ཁ་ན་ཏའི་ཙུང་ལི་ཐེ་ལུའུ་ཏུའོ་ཡིས“ཁ་ན་ཏའི་སྲིད་གཞུང་གིས་ཀྲུང་གོ་དབར་གྱི་རྩོད་གཞི་སྣ་ཚོགས་ཁྲོད་ཕྱིར་བཤོལ་བྱེད་མི་སྲིད”ཅེས་བཤད་པར་དམིགས་ཏེ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཚེས་22ཉིན་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་མིག་སྔར་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བར་དཀའ་ངལ་ཚབས་ཆེན་འཕྲད་པའི་འགན་འཁྲི་ཚང་མ་ཁ་ན་ཏ་ཕྱོགས་ལ་ཡོད་ཅེས་བཤད་པ་རེད།
    ཀེང་ཧྲོང་གིས་ཁ་ན་ཏའི་ཕྱོགས་ཀྱིས་མིག་སྔའི་ཀྲུང་གོ་དང་ཁ་ན་ཏའི་འབྲེལ་བའི་གནད་འགག་གསལ་པོར་ཤེས་ཀྱི་ཡོད། བདེན་པ་ཡོད་ན་སྐད་ཆེན་རྒྱག་མི་དགོས། བདེན་པ་ཡོད་མེད་གཟུར་གནས་ཀུན་གྱིས་རྟོགས། ཀྲུང་གོ་ཕྱོགས་ཀྱིས་ཁ་ན་ཏ་ཕྱོགས་ཀྱིས་ནོར་འཁྲུལ་ལ་རང་སྐྱོན་རང་བརྟག་བྱེད་པ་དང་། ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་དང་དོ་ཁུར་ལ་ལྟ་སྟངས་ནན་མོ་བཟུང་ནས་མོའུ་ཝེ་ཀྲུའུ་འཕྲལ་དུ་གློད་དགོས་པར་སྐུལ་ཡོད་པར་བརྗོད།
    ཀེང་ཧྲོང་གིས་ད་དུང་ཁ་ན་ཏ་ཕྱོགས་ཀྱིས་ཉེ་ཆར་ཤང་ཀང་དང་འབྲེལ་བའི་གནད་དོན་ཐད་སྐད་ཡང་ཡང་བརྒྱབ་པ་དང་ནོར་འཁྲུལ་གྱི་གཏམ་བརྗོད་རབ་དང་རིམ་པ་སྤེལ་ཡོད་ཅེས་བརྗོད་པ་དང་། ཁོང་གིས་སླར་ཡང་ཤང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་པས་རྒྱལ་ཁབ་དང་། རྩ་འཛུགས། མི་སྒེར་བཅས་གང་ཞིག་གིས་ཀྱང་ཐེ་ཇུས་བྱེད་མི་ཆོག ཁ་ན་ཏ་ཕྱོགས་ལ་ཤང་ཀང་གི་ལས་དོན་ཐད་གང་བྱུང་གིས་གླེང་མོལ་བྱེད་པའི་ཐོབ་ཐང་དང་ཁེ་དབང་གང་ཡང་མེད་ཅེས་བརྗོད་པ་དང་། “ང་ཚོས་ཁ་ན་ཏ་ཕྱོགས་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུས་ནས་ཤང་ཀང་གི་ལས་དོན་ཐད་མི་བཤད་དགུ་བཤད་དང་། བྱུང་རྒྱལ་དུ་སྐྱོན་འཛུགས་བྱས་ནས་ཤང་ཀང་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་པའི་རེ་བ་ཡོད”ཅེས་བརྗོད།