འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅།།ཀྲུང་གོས་ཁ་མེ་རོང་སྨན་ཁང་ལ་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་སྒྲིག་ཆས་ཞལ་འདེབས་བརྒྱབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཡ་ཝུན་ཏེ་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་ཧྲན་ཤིས་ཀྱི་ཏཱ་ཐུང་མི་དམངས་སྨན་ཁང་གསུམ་པས་ཚེས་19ཉིན་གྱི་ཀྲུང་གོའི་སྨན་པའི་དུས་ཆེན་ལ་ཁ་མེ་རོང་གི་མུའུ་པར་མཱ་གཡོད་སྨན་ཁང་ལ་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་སྒྲིག་ཆས་གཅིག་ཞལ་འདེབས་བརྒྱབ་པ་དང་འབྲེལ། ཁ་མེ་རོང་ཕྱོགས་དང་ས་གནས་ས་ཐོག་ཏུ་དྲ་སྦྲེལ་ཐེངས་དང་པོ་ལེགས་འགྲུབ་བྱས་པ་རེད།
     མུའུ་པར་མཱ་གཡོད་སྨན་ཁང་གི་ཡོན་ཀྲང་སྨི་ཁ་ཨའེ་ཨར་གྱིས་ཀྲུང་གོ་ཕྱོགས་ཀྱིས་གལ་ཆེའི་སྒྲིག་ཆས་དེ་འདྲ་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཁ་མེ་རོང་ཕྱོགས་ཀྱིས་ཀྲུང་གོའི་ལས་རིགས་གཅིག་པའི་རིགས་གཅིག་མཁས་ཅན་གྱི་སྔོན་ཐོན་སྨན་བཅོས་བྱ་ཐབས་སློབ་སྦྱོང་བྱས་ཏེ་རང་ངོས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
     ཀྲུང་གོས་1975ལོ་ནས་བཟུང་མུའུ་པར་མཱ་གཡོད་སྨན་ཁང་ལ་སྨན་བཅོས་རུ་ཁག་མངགས་གཏོང་བྱས་པ་དང་མིག་སྔའི་བར་ཁག་19མངགས་གཏོང་བྱས་ཡོད་པ་རེད།