འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎ཟླ་དང་པོ་ནས་བདུན་པ་བར་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་207ལྷག་ཙམ་སྒྱུར་བཀོད་བྱས་པ།

ལོ་འཁོར་གྱི་དམིགས་ཚད་ལས་འགན་གྱི་71.6 %བཟུང་བ། 

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
      2008ལོ་ནས་2018ལོ་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་4522སྒྱུར་བཀོད་བྱས་པ་དང་གྲོང་མི་དུང་ཕྱུར་1ལྷག་ཙམ་སྡོད་ཁང་སྐྱོ་ཁུལ་ནས་སྤོ་ཐུབ་པ་བྱུང་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། གསར་འགོད་པས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱས་པར། འདི་ལོ་རྒྱལ་ཡོངས་སུ་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་289སྒྱུར་བཀོད་བྱ་རྒྱུ་དང་ཟླ་དང་པོ་ནས་བདུན་པ་བར་ཁང་པ་ཁྲི་207སྒྱུར་བཀོད་ཟིན་པ་དེས་ལོ་འཁོར་དམིགས་ཚད་ལས་འགན་གྱི་71.6%བཟུང་བ་དང་འབྲེལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་6000ལྷག་ཙམ་བཏང་ཡོད།
     འདི་ལོ་ནི་ལོ་གསུམ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་འགག་སྒྲོལ་འཆར་གཞི་ལག་བསྟར་བྱེད་པའི་ལོ་གཉིས་པ་ཡིན་ཞིང་། 2017ལོའི་ཟླ་5ཚེས་24ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་2018ལོ་ནས་2020ལོ་བར་གྱི་ལོ་གསུམ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་འགག་སྒྲོལ་འཆར་གཞི་ལག་བསྟར་བྱས་ནས་སླར་ཡང་རིགས་ཁག་གི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་1500སྒྱུར་བཀོད་བྱས་ཏེ་མི་གྲངས་དུང་ཕྱུར་1ཡོད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་སྐྱོ་ཁུལ་དང་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་ཀྱི་ཁས་ལེན་སྒྲུབ་རྒྱུའི་གཏན་འཁེལ་བྱས་པ་རེད། ན་ནིང་རྒྱལ་ཡོངས་སུ་རིགས་ཁག་གི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་626སྒྱུར་བཀོད་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་མ་དངུལ་སྒོར་དུང་ཕྱུར་ཁྲི་1.74བཏང་ཡོད།
     སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་བར་བརྟེན། སྡོད་ཁང་སྐྱོ་ཁུལ་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་ཞིང་། 2008ལོ་ནས་2018ལོ་བར་རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་4522སྒྱུར་བཀོད་བྱས་པ་དང་གྲོང་མི་དུང་ཕྱུར་1ལྷག་ཙམ་སྡོད་ཁང་སྐྱོ་ཁུལ་ནས་སྤོ་ཐུབ་པ་བྱུང་ཡོད། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་དོན་ཁྲོད་ནགས་ཁུལ་དང་། གསར་སྦོལ་ཁུལ། གཞུང་ཁོངས་བཟོ་གཏེར་བཅས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། 2018ལོའི་ལོ་མཇུག་བར་ནགས་ཁུལ་དང་། གསར་སྦོལ་ཁུལ། གཞུང་ཁོངས་བཟོ་གཏེར་ཁུལ(ཉེན་ཡོད་སྡོད་ཁང་རྙིང་པ)བཅས་ཀྱི་སྡོད་ཁང་སྐྱོ་ཁུལ་གྱི་ཁང་པ་ཁྲི་166དང་། ཁང་པ་ཁྲི་242 ཁང་པ་ཁྲི་306བཅས་སོ་སོར་སྒྱུར་བཀོད་བྱས་པས། ལས་བཟོ་ཚོ་བཞའ་ཚན་ཆེ་ལ་མུན་ནག་གི་སྡོད་ཁང་སྐྱོ་ཁུལ་དང་སྟབས་བདེའི་ཁང་པ་ནས་དཀར་ཆ་དོད་ལ་གུ་ཡངས་པ་དང་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་བའི་སྡོད་ཁང་གསར་པར་སྤོས་ཡོད།