འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎རྩྭ་གསེབ་ནས་ཡོང་འབབ་འཚོལ་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎རྩྭ་གསེབ་ནས་ཡོང་འབབ་འཚོལ་བ།
     1984ལོར་སྐྱེས་པའི་ཝང་ཀྲོང་ནི་ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲི་ཁྲེང་རྫོང་ནས་ཡིན། སློབ་ཆེན་ཐོན་རྗེས་ཝང་ཀྲོང་གིས་ལ་མ་འདེབས་འཛུགས་ཐད་ཀྱི་ཚོང་གི་གོ་སྐབས་རྟོགས་ནས་རྩྭ་འདེབས་ལས་གཏོད་བྱེད་པའི་བསམ་ཚུལ་བྱུང་། 2011ལོར་ཝང་ཀྲོང་གིས་ཧོ་པེ་ཞིང་ཆེན་རེན་རྫོང་དུ་ས་ཆ་མུའུ་40འགན་གཙང་བླངས་ཏེ་ལ་མ་ཚོད་ལྟའི་ངང་འདེབས་འགོ་ཚུགས། ལག་རྩལ་དོན་གཉེར་དང་འཚོལ་ཞིབ་སློབ་སྦྱོང་བྱས་ཏེ་ལ་མའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་བཏང་ཡོད། 2016ལོར་ཝང་ཀྲོང་གིས་ཅིན་ཐའེ་གླིང་ཁུལ་ཁྱིམ་ཚང་ཞིང་ར་བཙུགས་ནས་ཉེ་འཁོར་གྱི་གྲོང་མི་བསྡུས་ཏེ་ལས་ཞུགས་བྱས་པ་དང་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བགྲོད་ལམ་དུ་བསྐྱོད་ཅིང་། འདི་ནི་ཟླ་8ཚེས་21ཉིན་ཧོ་པེ་རེན་རྫོང་ཞི་ཀུ་ཁྲེང་ཤང་ཞའོ་ཏུང་ཝུ་གྲོང་ཚོའི་ཅིན་ཐའེ་གླིང་ཁུལ་གྱི་ཞིང་རར་ལས་མིས་ལ་མ་སྒྲིལ་བཞིན་པ།