འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་23ཉིན།

༄༅༎རིགས་གཅིག་མཁས་ཅན་དང་མཉམ་དུ་རྒྱལ་ཁབ་ཀྱི་སྤྱི་གླིང་ཐོག་མར་གཟིགས་པར་ཕེབས།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་23ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ནས་པར་བླངས་པའི་ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེ་ཡིན་པ།
འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ནས་པར་བླངས་པའི་ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེ་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པའི་གཙང་གསུམ་ཆུ་འགོའི་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་རེད་ལ། འཛམ་གླིང་ཐོག་ས་བབ་མཐོ་བའི་ས་ཆའི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཤིག་ཀྱང་རེད། ཨེ་ཤེ་ཡའི་ཆུ་རྩ་གསོ་འཁྱོངས་ཁུལ་གལ་ཆེན་དང་དེ་བཞིན་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཡིན་པ་ཀུན་གྱིས་ཁས་ལེན་གྱི་ཡོད།
     2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་ཡུལ་དེར་བྱས་པ་དང་། སྤྱི་གླིང་གི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་12.31ཡོད་ཅིང་། དེའི་གཤམ་དུ་འབྲི་ཆུའི་ཆུ་འགོ་གླིང་དང་། རྨ་ཆུའི་ཆུ་འགོ་གླིང་། རྫ་ཆུའི་ཆུ་འགོ་གླིང་བཅས་གསུམ་ཡོད།
     འབྲི་ཆུའི་ཆུ་འགོའི་གླིང་དུ་སྦག་སྦག་བཞོན་ནས་རི་སྐོར་རྒྱག་མཁན་གྱི་སྣོད་བཅུད་བདག་སྐྱོང་བ་སྒྲོལ་མ་སྐྱབས་ནི་ཐང་དཀར་རྒོད་པོ་ཞིག་དང་འདྲ་བར་ལོ་འཁོར་མོ་ཡུག་ཏུ་མཐོ་དམན་མི་གཅིག་པའི་རི་བོའི་དབུས་སུ“་གཤོག་རྩལ་ངོམས་ནས་སྐོར་གཡེང”བྱེད་པ་དང་རི་སྐོར་རྒྱག་སྐབས་ལག་གི་པར་ཆས་དང་ཉིན་ཐོར་བརྟེན་ནས་འདི་གའི་འགྱུར་ལྡོག་ཐོ་འགོད་བྱེད་ཀྱི་ཡོད།
     གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་གླིང་དུ་སྒྲོལ་མ་སྐྱབས་དང་འདྲ་བའི་སྣོད་བཅུད་བདག་སྐྱོང་བ་ཁྲི་1.72ཡོད་པ་དང་། ཁོ་ཚོའི་པར་ཆས་ཀྱི་ནང་དུ་ཆུ་འཐུང་བཞིན་པའི་ཤྭ་བ་ཁ་དཀར་དང་། གཙོད་ཕྲུག་འཁོར་བའི་གཙོད་མོ་ཡོད་ལ། ཐང་གཤོངས་སུ་རྒྱུ་བཞིན་པའི་སྤྱང་ཀི་ནག་པོའང་ཡོད།
     རྨ་ཆུའི་ཆུ་འགོ་དང་བར་ཐག་སྤྱི་ལེ་200ཙམ་ཡོད་པའི་ཨ་མྱེས་རྨ་ཆེན་གྱི་ཉེ་འཁོར་དུ་ཚན་ཞིབ་པས་དུས་ཐུང་ལོ་གཉིས་ནང་གསའ་དང་འབྲེལ་བ་ཡོད་པའི་པར་500ལྷག་ཙམ་བརྒྱབ་ཡོད།