འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎ཝུན་ཁྲོན་གྱི་གནོད་འཚེའི་ཁྲོད་མི་9རྐྱེན་ལམ་དུ་ཤོར་ཅིང་མི་35གར་སོང་ཆ་མེད་དུ་གྱུར།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
     མི་དམངས་དྲ་བའི་འཕྲིན། རྔ་བ་ཁུལ་ཨུའི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་དོན་ཁང་གི་གཞུང་ཕྱོགས་དཔོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཝུན་ཁྲོན་རྫོང་འཕྲལ་སྡོམ་དོ་དམ་ཅུས་ཀྱི་ཡིག་ཐོག་སྙན་ཞུར་གཞིགས་ན་གནོད་འཚེའི་ཁྲོད་དུ་རྐྱེན་ལམ་དུ་ཤོར་མཁན་མི་1 (ཝུན་ཁྲོན་རྫོང་ཧྲུའེ་མའོ་གྲོང་རྡལ་གྱི་མི)མང་དུ་ཕྱིན་ཡོད་པ་དང་། གར་སོང་ཆ་མེད་དུ་གྱུར་མཁན་མི་9(ཝུན་ཁྲོན་རྫོང་སན་ཅང་གྲོང་རྡལ་གྱི་མི)མང་དུ་ཕྱིན་ཡོད། 
     མིག་སྔའི་བར། གནོད་འཚེའི་ཁྲོད་དུ་ངེད་ཁུལ་གྱི་མི་9རྐྱེན་ལམ་དུ་ཤོར་བ(ཝུན་ཁྲོན་སྲིད་གཞུང་གི་ཆེད་བསྐོས་མེ་ཟོན་རུ་མི་1དང་། ཧྲུའེ་མའོ་གྲོང་རྡལ་གྱི་མི་3 སན་ཅང་གྲོང་རྡལ་གྱི་མི་4 མེན་ཁྲི་གྲོང་རྡལ་གྱི་ཚའོ་ཕའོ་ཁུལ་གྱི་མི་1བཅས་རྐྱེན་ལམ་དུ་ཤོར་བ) མི་35གར་སོང་ཆ་མེད་དུ་གྱུར་བ།(ཝོ་ལུང་དམིགས་བསལ་ཁུལ་གྱི་མི་9དང་། ཝུན་ཁྲོན་རྫོང་སན་ཅང་གྲོང་རྡལ་གྱི་མི་15 མེན་ཁྲི་གྲོང་རྡལ་གྱི་མི་4 དབྱིན་ཞིང་ཤང་གི་ས་ཁོངས་ནང་གི་ཐེ་ཕིང་དབྱི་གློག་ཁང་གི་མི་2  མེན་ཁྲི་གྲོང་རྡལ་གྱི་ཚའོ་ཕའོ་ཁུལ་གྱི་ཐང་ཧྥང་གློག་ཁང་གི་མི་2 ཧྲུའེ་མའོ་གྲོང་རྡལ་གྱི་མི་3བཅས་གར་སོང་ཆ་མེད་དུ་གྱུར་བ།) མི་6ལ་རྨས་སྐྱོན་ཕོག་པ། (དེའི་ནང་མི་3ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད། )