འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅༎རང་རྒྱལ་གྱི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་ཁུ་ཁུ་ཤི་རིའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་གཙོད་སྲུང་སྐྱོང་ལྟེ་གནས་ཀྱི་གཙོད་ཕྲུག་ཡིན་པ།
འདི་ནི་ཁུ་ཁུ་ཤི་རིའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་གཙོད་སྲུང་སྐྱོང་ལྟེ་གནས་ཀྱི་གཙོད་ཕྲུག་ཡིན་པ།
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་དེ་ཚད་བརྒལ་སར་བྱེད་པ་དང་སྡེ་ཚན་བརྒལ་བ་དང་ས་ཁོངས་བརྒལ་བའི་དོ་དམ་སྒྲིག་སྲོལ་འཚོལ་ཞིབ་དང་ནུས་ཆེའི་འཁོར་རྒྱུག་ལམ་སྲོལ་ཚད་ལྡན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་པར་བརྟེན། ཉེ་བའི་ལོ་ཤས་ནང་རང་རྒྱལ་གྱིས་སྣོད་བཅུད་སྲུང་སྐྱོང་འབུར་དུ་ཐོན་པ་དང་། ཚད་ལྡན་དོ་དམ་གཅིག་གྱུར། ཐོན་ཁུངས་ཀྱི་གཏོགས་ཁོངས་གསལ་བཟོ། གཉེར་སྐྱོང་དོ་དམ་གསར་གཏོད། སྡེ་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་སོགས་ཐད་ཕན་པ་ཆེ་བའི་འཚོལ་ཞིབ་བྱས་པས་རྒྱལ་ཁབ་སྤྱི་གླིང་གིས་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ས་ཆའི་མ་ལག་འཛུགས་སྐྱོང་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།
     འདི་ནི་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོག་བཞིན་པའི་སྐབས་དང་པོའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་ཐོག་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས(རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས)ཀྱི་ཅུས་ཀྲང་ཀྲང་ཅན་ལུང་གིས། ཚོད་ལྟ་བྱེད་པའི་རྒྱལ་ཁབ་སྤྱི་གླིང་ཁག་ལ་གཅིག་གྱུར་གྱི་དོ་དམ་སྒྲིག་གཞི་བཙུགས་པ་དང་ཆེད་མངགས་ཀྱི་མི་སྣའི་དཔུང་ཁག་བཀོད་སྒྲིག་བྱས་ཏེ་ཐོན་ཁུངས་མཐིལ་རྟོགས་བརྟག་དཔྱད་དང་། འཆར་གཞི་རྩོམ་བཟོ། ཚད་གཞིའི་ལམ་ལུགས་ཞིབ་འཇུག བཟོ་གཏེར་ཁེ་ལས་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱས་པ་སོགས་ཀྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་སྐོར་སྲུང་ཁྲིམས་འཛིན་དང་། སྣོད་བཅུད་སྲུང་སྐྱོང་སླར་གསོ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བརྒྱབ་པས་ས་གནས་དེ་གའི་སྣོད་བཅུད་གནས་ཚུལ་དང་དམངས་འཚོའི་གནད་དོན་རིམ་གྱིས་ལེགས་སུ་འགྲོ་བཞིན་པ་བཅས་བྱུང་ནས་སྣོད་བཅུད་མཛེས་པོ་དང་དམངས་ཕྱུག་གི་དམིགས་ཡུལ་མངོན་འགྱུར་ཡོང་བཞིན་ཡོད་པ་རེད་ཅེས་བཤད།
     ངོ་སྤྲོད་བྱས་པར་གཞིགས་ན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱས་ཚུན། སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་བ་བརྒྱུད། རང་བྱུང་ཐོན་ཁུངས་ཀྱི་བདག་དབང་དང་སྲིད་འཛིན་དོ་དམ་དབང་ཆའི་འབྲེལ་བ་སྤྱིའི་ཆ་ནས་མཐུན་སྦྱོར་ཐུབ་ནས་གླིང་3དང་འབྲེལ་བ་ཡོད་པའི་རྫོང་4ཡི་སྡེ་ཚན་ཆེ་མོའི་ལམ་ལུགས་ལ་སྒྱུར་བཅོས་བྱས་པས་སྒྲིག་སྲོལ་ལམ་སྲོལ་གྱི“འབྲུག་དགུ་ཡིས་ཆུ་བཅོས་པའི”གནས་བབ་དང་ལྟ་འདོམས་ཁྲིམས་འཛིན་གྱི“ཧྲག་ཧྲུག་ཅན”གྱི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།