འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།ཀྲུང་གོའི་ལས་གྲྭ་འཕྲུལ་ཆས་ཁེ་ལས་ཀྱིས་ཝུ་ཀན་ཏར་ལས་གཉེར་ལྟེ་གནས་བཙུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཝུ་ཀན་ཏའི་གྲོང་ཁྱེར་ཝ་ཅི་སོ་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོའི་ལས་གྲྭ་འཕྲུལ་ཆས་ཁེ་ལས་གསུམ་གཅིག་ལྕི་བའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིས་ཝུ་ཀན་ཏར་ལས་གཉེར་ལྟེ་གནས་བཙུགས་པའི་མཛད་སྒོ་ཚེས་18ཉིན་ཝུ་ཀན་ཏའི་དབུས་རྒྱུད་གྲོང་ཁྱེར་ཝ་ཅི་སོ་ཁུལ་དུ་འཚོཌ་པ་རེད།
    ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་དཔལ་འབྱོར་ཚོང་དོན་ཚན་ཙན་ཀྲའོ་ཤིའུ་ཧྥེན་གྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཝུ་ཀན་ཏར་ལས་གཉེར་ལྟེ་གནས་བཙུགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཀྲུང་གོ་དང་ཝུ་ཀན་ཏ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་2018ལོར་ཝུ་ཀན་ཏ་དེ་ཉིད་ཀྲུང་གོས་ཨ་ཧྥེ་རི་ཁར་མ་འཇོག་བྱེད་པའི་དམིགས་ཚད་རྒྱལ་ཁབ་ཨང་གསུམ་པར་གྱུར་ཏེ་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2.7ལས་བརྒལ་ཡོད་ཅེས་བརྗོད་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། གསུམ་གཅིག་ལྕི་བའི་བཟོ་ལས་ནི་རྒྱལ་སྤྱི་ཅན་གྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ལས་གྲྭ་འཕྲུལ་ཆས་ཁེ་ལས་སྔ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཁེ་ལས་དེས་ཝུ་ཀན་ཏར་བཙུགས་པའི་ལས་གཉེར་ལྟེ་གནས་ལ་བྲིན་ཚོང་ཚོམས་ཆེན་དང་། ཞབས་ཞུའི་ལྟེ་གནས། ཉམས་བཟོ་འཁོར་ཁང་། གྲབས་ཆས་མཛོད་ཁང་བཅས་ཡོད་པ་རེད།