འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།ཧྲང་ཧའེ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ལ་ཐེངས་
དང་པོ་ཞུགས་པར་དགའ་བསུ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་དབྱིན་ཇིའི་གྲོང་ཁྱེར་ཨའེ་ཏིང་པའོ་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གྱི་དགོང་མོར། ཧྲང་ཧའེ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་པར་ལྟད་མོ་བའི་ཚད་མཐོའི་ཁས་ལེན་ཐོབ་ཅིང་། དེ་ནི་གདན་ཞུས་ལྟར་ཀྲུང་གོའི་མཉམ་སྒྲོག་རོལ་དབྱངས་ཚོགས་པ་ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་ལ་ཞུགས་ཐེངས་དང་པོ་དེ་རེད།
    འདི་ལོ་ནི་ཧྲང་ཧའེ་མཉམ་སྒྲོག་རོལ་དབྱངས་ཚོགས་པ་བཙུགས་ནས་ལོ་140འཁོར་བའི་ལོ་ཞིག་རེད། ལོ་མང་རིང་ཧྲང་ཧའེ་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ནུབ་ཕྱོགས་ཀྱི་དཔེ་མཚོན་རོལ་དབྱངས་དཀྲོལ་གཏོང་བྱས་པ་དང་ཆབས་ཅིག ཀྲུང་གོའི་བརྩམས་ཆོས་གསར་རྩོམ་ལའང་སྐུལ་འདེད་ཧུར་ཐག་བཏང་བ་མ་ཟད། ཕྱི་རྒྱལ་དུ་འཁྲབ་སྟོན་བྱེད་རིང་ཆེད་མངགས་ཀྲུང་གོའི་བརྩམས་ཆོས་བར་འཇུག་བྱས་ནས་འཛམ་གླིང་ལ“ཀྲུང་གོའི་གཏམ་རྒྱུད”བརྗོད་དེ། འོད་སྟོང་འབར་ལ་གཏིང་ཟབ་པའི་ཀྲུང་གོའི་རིག་གནས་དང་ཀྲུང་གོའི་རོལ་དབྱངས་མཁས་ཅན་གྱི་ཉམས་འགྱུར་འཛམ་གླིང་གི་ལྟད་མོ་བའི་མིག་ལམ་དུ་བཤམས་ཡོད།
    ཨའེ་ཏིང་པའོ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་1947ལོ་ནས་གཏོང་འགོ་ཚུགས་ཤིང་། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་འཁྲབ་སྟོན་ཚོགས་པར་གོ་ལ་ཧྲིལ་པོའི་ཆུ་ཚད་མཐོ་ཤོས་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།