འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་22ཉིན།

༄༅།།དབྱི་སི་རལ་དུ་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་22ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཅེ་རུས་ས་ལེམ་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། དབྱི་སི་རལ་གྱི་ཨ་ཧྲེ་ཁའེ་ལུང་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་ས་དབུས་རྒྱ་མཚོའི་འགྲམ་གྱི་གྲོང་ཁྱེར་ཨ་ཧྲེ་ཁའེ་ལུང་དུ་འགོ་ཚུགས་ཤིང་། བྱིས་སྒྲུང་གི་བརྗོད་དོན་གཙོ་བོའི་བྱེ་བརྐོས་བརྩམས་ཆོས་ཆེ་གྲས་15གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པར་ལྟད་མོ་བའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
     ཨ་ཧྲེ་ཁའེ་ལུང་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་གྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས། ཨ་ཧྲེ་ཁའེ་ལུང་རྒྱལ་སྤྱིའི་བྱེ་བརྐོས་དུས་ཆེན་ཡུལ་དེའི་དུས་ཚོད་ཚེས་18ཉིན་གྱི་སྔ་དྲོ་གྲོང་ཁྱེར་དེའི་ནུབ་རྒྱུད་ཀྱི་མཚོ་འགྲམ་ཞིག་ཏུ་འགོ་ཚུགས་ཡོད། ཧོ་ལན་དང་། སི་ཕེན། ཨུ་རུ་སུ། ཨ་རི། ཅེ་ཁེ་སོགས་རྒྱལ་ཁབ་ཀྱི་བྱེ་བརྐོས་སྒྱུ་རྩལ་པ་10ཡིས་ངོ་མཚར་ཆེ་བའི་བྱེ་བརྐོས་ཀྱི་འཇིག་རྟེན་ཞིག་བརྐོས་ཡོད་པ་དང་ལྟད་མོ་བ་ཚོས་རིན་མེད་ངང་ལྟ་སྐོར་བྱེད་ཆོག་གི་ཡོད།
    བྱིས་སྒྲུང་གི་ནང་དོན་ནི་ད་ཐེངས་བྱེ་བརྐོས་དུས་ཆེན་གྱི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། བྱེ་བརྐོས་དུས་ཆེན་ཐོག་སྐད་གྲགས་ཆེ་བའི་བྱིས་སྒྲུང་བརྗོད་དོན་གཙོ་བོར་བྱས་ནས་གསར་རྩོམ་བྱས་པའི་བྱེ་བརྐོས་བརྩམས་ཆོས་15དེ་དག་ལྷག་པར་དུ་ཡིད་དབང་འཕྲོག་པ་ཞིག་ཡོད།
    ད་རེས་ཀྱི་བྱེ་བརྐོས་དུས་ཆེན་ཚེས་23ཉིན་བར་གཏོང་རྒྱུ་ཡིན་པ་རེད།