འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།རྒྱལ་ཁབ་སྤྱི་གླིང་ཐོག་མ་སྟེ་གཙང་གསུམ་ཆུ་འགོའི་སྤྱི་གླིང་།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ཟུར་ཞིག
ཁུ་ནུ་རི་བོའི་གཡུ་འབྲུག་ལྷ་རྩེའི་ཟུར་ཞིག
    མི་དམངས་དྲ་བའི་འཕྲིན། གངས་རིའི་རྩེ་མོ་ནས་ལོ་རེར་དྭངས་གཙང་གི་ཆུ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར་600མཐོ་སྒང་གི་འཕར་རྩ་ནས་དལ་བུར་ཤར་ཕྱོགས་སུ་བཞུར་ནས་རྩི་ཤིང་ལ་རྩི་བཅུད་སྟེར་བཞིན་ཡོད། རི་ཚོགས་ཀྱི་ཁྲོད་དང་། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་གི་གཙོད་ནི་གཙོད་རིགས་ཀྱི་“དྲན་ཤེས”ལ་གཞིགས་ནས་ལོ་རེར་གནས་སྤོ་བ་དང་གཙོད་ཕྲུག་སྐྱེས་ནས་འཚོ་བཞིན་ཡོད ། མཚོ་མོ་སྟོང་ཕྲག་གི་ནང་དུ། འཁྱགས་རོམ་དང་གངས་རིའི་གྲུབ་གཟུགས་མཚོ་ངོས་སུ་མངོན་པས། དེ་ནི་སྲུང་དམག་ནང་བཞིན་ཁུ་སུམ་མེར་མིའི་རིགས་ཀྱི་དྭངས་གཙང་གི་གནས་མཆོག་འདི་སྲུང་བ་དང་མཚུངས།
     གཙང་གསུམ་ཆུ་འགོ་ནི་ཐག་རིང་པོ་ཞིག་ཡིན་སྙམ་མོད། ཡིན་ནའང་། དོན་དངོས་སུ་ང་ཚོ་དང་ཐག་ཇེ་ཉེ་དང་ཇེ་ཉེར་འགྲོ་བཞིན་ཡོད། ཟླ་8ཚེས་19ཉིན་སྤེལ་བའི་རྒྱལ་ཁབ་སྤྱི་གླིང་བགྲོ་གླེང་སྐབས་དང་པོའི་ཐོག རིགས་གཅིག་མཁས་པ་དང་མཁས་དབང་། སྲིད་གཞུང་གི་འཐུས་མིས་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་ཏེ། གཙང་གསུམ་ཆུ་འགོ་ལ་ཞིབ་བརྗོད་དང་གདེང་འཇོག་བྱས་ནས། གནས་འདིའི་ངོ་མཚར་ཆེ་བའི་གསང་རས་ཕྱེ་ཡོད།
    མཚོ་སྔོན་ཞིང་ཆེན་ལྷོ་རྒྱུད་དུ་ཆགས་པའི་གཙང་གསུམ་ཆུ་འགོ་ས་ཁུལ་ནི་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཁུངས་ཡིན་ལ། འཛམ་གླིང་ཐོག་རྒྱ་མཚོའི་ངོས་ལས་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་འདུས་ཆེ་བའི་ཁུལ་ཞིག་ཡིན། འདི་ལ་ཚང་མས་ཡ་གླིང་གི་ཆུ་འགོ་གལ་ཆེན་དང་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ལ་ངོས་འཛིན་གྱི་ཡོད།
    2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་ཐོག་མའི་སྒྲིག་སྲོལ་ཚོད་གནས་ས་གནས་འདིར་བཙུགས་ཤིང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་12.31དང་། དེའི་འོག་ཏུ་འབྲི་ཆུའི་ཆུ་ཁུངས་དང་རྨ་ཆུའི་ཆུ་ཁུངས། རྫ་ཆུའི་ཆུ་ཁུངས་བཅས་ཡན་ལག་སྤྱི་གླིང་3བཙུགས་ཡོད།
     འབྲི་ཆུའི་ཆུ་ཁུངས་སྤྱི་གླིང་དུ། འཕྲུལ་རྟར་བཞོན་ནས་སྐོར་ཞིབ་བྱེད་མཁན་སྐྱེ་ཁམས་དོ་དམ་པ་སྒྲོལ་མ་སྐྱབས་ནི་བྱ་རྒོད་བཞིན་ཉིན་རེར་མཐོ་དམའ་མི་འདྲ་བའི་རི་ཁུག་ཏུ་“ལྡིང་སྐོར”  བྱེད་དགོས་པ་དང་། ལག་གི་པར་ཆས་དང་རི་སྐོར་ཟིན་ཐོའི་ཐོག་གནས་འདིའི་འགྱུར་ལྡོག་འགོད་བཞིན་ཡོད།
   རྨ་ཆུའི་ཆུ་འགོ་དང་བར་ཐག་སྤྱི་ལེ་200ཙམ་ཡོད་པའི་ཨ་མྱེ་རྨ་ཆེན་གངས་རིའི་ཉེ་འཁོར་དུ། ཚན་ཞིབ་མི་སྣས་དུས་ཡུན་ལོ་གཉིས་རིང་གསའ་ཡི་འདྲ་པར་500ལྷག་བླངས་ཡོད།
    འཆར་འགོད་ལྟར་ན། གཙང་གསུམ་ཆུ་འགོའི་སྤྱི་གླིང་ནི་2020ལོར་དངོས་སུ་གཟུགས་རྒྱུ་དང་། 2035ལོ་བར། འདི་རུ་དེང་རབས་ཅན་གྱི་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཚར་བ་བྱས་ནས། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་མ་ལག་ཆ་ཚང་སྲུང་སྐྱོང་མངོན་འགྱུར་བྱུང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་དཔེ་མཚོན་ཞིག་ཏུ་གྱུར་བ་བྱ་དགོས།
【1】  【2】  【3】
རྫ་སྟོད་རྫོང་གི་འབྲི་ཆུའི་ལྷོ་རྒྱུད་ཆུ་ཁོངས་ཀྱི་ཆུ་བོ།
རྫ་སྟོད་རྫོང་གི་འབྲི་ཆུའི་ལྷོ་རྒྱུད་ཆུ་ཁོངས་ཀྱི་ཆུ་བོ།