འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཆབ་མདོ་གྲོང་ཁྱེར་གྱི་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་19ཉིན། “བདེ་སྐྱིད་ལྡན་པའི་དུས་རབས་གསར་པ། ངོ་མཚར་ཆེ་བའི་གྲུབ་འབྲས་གསར་པ་”བརྗོད་དོན་གཙོ་བོར་བྱེད་པའི་ཆབ་མདོ་གྲོང་ཁྱེར་གཙང་གསུམ་ཇ་རྟའི་རིག་གནས་སྒྱུ་རྩལ་དུས་ཆེན་གྲོང་ཁྱེར་ལུས་རྩལ་རིག་གནས་བྱེད་སྒོ་ལྟེ་གནས་སུ་འགོ་ཚུགས་པ་དང་། སྒྱུ་རྩལ་དུས་ཆེན་རིང་། རིག་རྩལ་འཁྲབ་སྟོན་དང་སྐོར་བྲོ་འགྲེམས་འཁྲབ་སོགས་བྱ་རྒྱུ་དང་། སྐོར་བྲོའི་མཐོ་རིམ་གླེང་སྟེགས་དང་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་། ཁྱད་ལྡན་ཡུལ་སྐོར་ཉམས་ལེན།  རྩལ་འགྲན་ལུས་རྩལ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད།