འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། ཉམས་མྱོང་དང་གྲུབ་འབྲས་ཀྱི་བགྲོ་གླེང་ཚོགས་འདུ་
ཁོ་ལོན་པོར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁོ་ལོན་པོ་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་དང་། ཉམས་མྱོང་། གྲུབ་འབྲས་བཅས་ཀྱི་བགྲོ་གླེང་ཚོགས་འདུ་ཚེས་16ཉིན་ཁོ་ལོན་པོའི་པན་ཏཱ་ལཱ་ནའེ་ཁེ་རྒྱལ་སྤྱིའི་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་དུ་འཚོགས་པ་རེད། བགྲོ་གླེང་ཚོགས་འདུ་དེ་སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་སི་རི་ལན་ཁ་དང་ཀྲུང་གོའི་སྤྱི་ཚོགས་རིག་གནས་མཉམ་ལས་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་སི་རི་ལན་ཁའི་ཆབ་སྲིད་དང་། ཚོང་དོན། རིག་གཞུང་བཅས་ལས་རིགས་ཀྱི་འཐུས་མི་200ལྷག་ཙམ་ཞུགས་ཡོད་པ་རེད།
    སི་རི་ལན་ཁའི་དཔལ་འབྱོར་སྒྱུར་བཅོས་དང་སྤྱི་པའི་བགོ་འགྲེམ་པུའུ་ཀྲང་ཧ་ཧྲ·ཏེ་ཞིར་ཝ་ཡིས་བགྲོ་གླེང་ཚོགས་འདུའི་ཐོག འདས་ཟིན་པའི་ལོ་བཅུ་ཕྲག་རིང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དེ་ཉིད་ཀྱང་འཛམ་གླིང་ཐོག་འཕར་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྲས་སུ་གྱུར་ཡོད། ཉེ་བའི་ལོ་ཤས་ནང་སི་རི་ལན་ཁས་ཀྲུང་གོའི་མ་འཇོག་འབོར་ཆེན་འགུག་པ་དང་གསར་སྤེལ་བྱེད་བཞིན་པའི་ཁོ་ལོན་པོའི་གྲུ་ཁའི་གྲོང་དེས་སི་རི་ལན་ཁ་དེ་ཨེ་ཤེ་ཡ་ལྷོ་མའི་དངུལ་རྩའི་ལྟེ་གནས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ་རེ་ཡོད་ཅེས་བརྗོད་པ་རེད།
     སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེང་ཞུའེ་ཡོན་གྱིས་སྒྱུར་བཅོས་སྒོ་དབྱེ་ལས་ཀྲུང་གོའི་རྣམ་པ་གསར་རྐྱང་དུ་གྱུར་པ་མ་ཟད། ད་དུང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཡོད། སི་རི་ལན་ཁའི་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོ་ཡིན་པའི་ཀྲུང་གོས་ལྷག་བསམ་ཟོལ་མེད་ཀྱི་ཐོག་ནས་རྒྱལ་ཁབ་གཉིས་པོས་ཕན་ཚུན་རོགས་སྐྱོར་བྱས་ཏེ་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།