འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སར་པི་ཡའི་མྱུར་བགྲོད་གཞུང་ལམ་ཐོག་རླངས་
འཁོར་ཤར་གཏོང་ཐུབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཉིན་ཤས་གོང་། ཀྲུང་གོའི་ཧྲན་ཏུང་མྱུར་བགྲོད་གཞུང་ལམ་ཚོགས་པས་སྐྲུན་འགན་འཁུར་བའི་སར་པི་ཡའི་E763མྱུར་བགྲོད་གཞུང་ལམ་ཨའོ་པུ་ལེ་ནུའོ་ཝ་ཚི་ནས་ལི་ཀེ་བར་གྱི་ལམ་དུམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་སར་པི་ཡའི་དབུས་རྒྱུད་གྲོང་ཁྱེར་ལི་ཀེར་འཚོགས་པ་དང་། སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་། ཙུང་ལི་གཞོན་པ་དང་འཛུགས་སྐྲུན་དང་། འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད་པུའི་པུའུ་ཀྲང་གཅིག་ལྕོགས་སྨི་ཧ་དབྱི་ལུའོ་ཝུའེ་ཆི། སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཁྲེན་པོ་བཅས་དང་དེ་བཞིན་མོང་ཁྲེ་ནེ་ཀེ་རུ་དང་བྷོ་ཧེར་ནས་ཡོང་བའི་དཔོན་རིགས་མང་པོ་ཞིག་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས།