འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀོང་ཀྲོའུ་ཡི་པ་ལིའི་ཞབས་བྲོ་ཚོགས་པས་ཉིའུ་གཡོད་ལིན་ཁེན་ལྟེ་གནས་སུ་ཐོག་མའི་འཁྲབ་སྟོན་
བྱས་པར་གདེང་འཇོག་བཟང་པོ་ཐོབ་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཉིའུ་གཡོད་ནས་ཟླ་8ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེའི་དུས་ཚོད་ཚེས་17ཉིན་གྱི་དགོང་མོ་ཀོང་ཀྲོའུ་པ་ལིའི་ཞབས་བྲོ་ཚོགས་པས་དེང་རབས་ཀྱི་པ་ལིའི་ཞབས་བྲོ《པུའུ་ལན་སྙན་ཚིག》དང་མི་རིགས་ཀྱི་པ་ལིའི་ཞབས་བྲོ《ལུའོ་ཧྲེང》ཉིའུ་གཡོད་ལིན་ཁེན་ལྟེ་གནས་ཀྱི་ཏཱ་ཝའེ·ཁོའུ་ཁེ་ཟློས་གར་ཁང་དུ་ཐོག་མའི་འཁྲབ་སྟོན་བྱས་པར་ལྟད་མོ་བ་1800ལྷག་ཙམ་གྱི་དགའ་བསུ་ཐོབ་ཡོད།
    ཚེས་17ཉིན་གྱི་དགོང་མོ་འཁྲབ་སྟོན་བྱས་པའི་ཟློས་གར་གཉིས་པོ་དེར་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་པ་ལིའི་ཞབས་བྲོའི་མཛེས་ཉམས་དང་སྒྱུ་རྩལ་གྱི་ཉིང་བཅུད་ལྡན་པ་བརྗོད་ཡོད་ཅིང་། 《པུའུ་ལན་སྙན་ཚིག》ནི་མི་ཚང་མས་ཤེས་པའི་མིང་གཅིག་པའི་ཡོ་རོབ་ཀྱི་གནའ་བོའི་རོལ་དབྱངས་བརྩམས་ཆོས་རམ་འདེགས་གླུ་གཞས་སུ་བྱས་པ་དང་། ཀོང་ཀྲོའུ་ཡི་པ་ལིའི་ཞབས་བྲོ་ཚོགས་པས་ཨ་རིར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་པ་ལིའི་ཞབས་བྲོའི་དགེ་རྒན་ཆེ་མོ་བ་ཅང་ཆི་གདན་དྲངས་ཏེ་རྩོམ་སྒྲིག་འཁྲབ་ཁྲིད་བྱས་པའི་བརྩམས་ཆོས་ཤིག་རེད། 《ལུའོ་ཧྲེང》ནི་སུང་རྒྱལ་རབས་ཀྱི་སྙན་ངག་པ་ལི་ཀྲི་དབྱིའི《མོ་རྩིས·ང་འབྲི་ཆུའི་ཆུ་འགོར་གནས་ཡོད》ཅེས་པ་རྒྱབ་ལྗོངས་སུ་བྱས་ཏེ་ཁ་ན་ཏའི་འཁྲབ་རྩོམ་པ་པི་ཏེ·ཁོན་ཚི་ཡིས་འཁྲབ་ཁྲིད་བྱས་པ་ཞིག་རེད།
     ཀོང་ཀྲོའུ་ཡི་པ་ལིའི་ཞབས་བྲོ་ཚོགས་པ་བཙུགས་ནས་ལོ་25སོང་ཚུན་སྒྱུ་རྩལ་རྣམ་པ་སྣ་ཚོགས་ཀྱི་འཁྲབ་ཚན་གཏོད་རྒྱུ་མཐའ་འཁྱོངས་བྱས་ཤིང་། ལིན་ཁེན་ལྟེ་གནས་སུ་འཁྲབ་སྟོན་མ་བྱས་གོང་ཚོགས་པ་དེས་ཁ་ན་ཏའི་ཏུའོ་ལུན་ཏུའོ་སོགས་ས་གནས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པ་མ་ཟད་གདེང་འཇོག་ཀྱང་ཡག་པོ་ཐོབ་ཡོད།