འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་གོའི་རྟའི་རིག་གནས་དུས་ཆེན་སྐབས་གཉིས་པ་དང་ནང་སོག་རྒྱལ་སྤྱིའི་རྟའི་རིག་གནས་
དངོས་མང་སྟོན་ཚོགས་སྐབས་དང་པོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཟླ་8ཚེས་18ཉིན“ནམ་ཡང་གནས་པའི་ནང་སོག་གི་རྟ་མཆོག—འཛམ་གླིང་དང་མཉམ་སྤྱོད་བྱེད”པའི་ཀྲུང་གོའི་རྟའི་རིག་གནས་དུས་ཆེན་སྐབས་གཉིས་པ་དང་ནང་སོག་རྒྱལ་སྤྱིའི་རྟའི་རིག་གནས་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧུའུ་ཧོ་ཧའོ་ཐེར་འགོ་ཚུགས་པ་རེད། རྟའི་གཟབ་སྦྲེང་རུ་ཁག་གིས་འཁྲབ་སྟོན་བྱས་པའི《ནམ་ཡང་གནས་པའི་ནང་སོག་གི་རྟ་མཆོག》དང་། ཞབས་བྲོ《རླུང་ལྟར་མགྱོགས་པའི་རྟ་རྒོད》 ཨན་ཏཱ་ཚོགས་པས་མཉམ་དཀྲོལ་བྱས་པའི《རླུང་ལྟར་མགྱོགས་པའི་རྟ་མཆོག》 སོག་པོའི་གདངས་རིང་རོལ་དབྱངས《འབྲོག་གླུ》སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་ལས། སྲོལ་རྒྱུན་རིག་གནས་ཀྱིས་ཕྱུག་པའི་མི་རིགས་རིག་གནས་དང་དེང་རབས་སྒྱུ་རྩལ་གྱི་མཚོན་ཐབས་ཟུང་འབྲེལ་དམ་ཟབ་བྱུང་ནས། ནང་སོག་གི་རྟའི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་རིང་གླེང་སྟེགས་འཆད་ཁྲིད་དང་། འགྲན་བསྡུར་བྱེད་སྒོ རིག་རྩལ་འཁྲབ་སྟོན། འགྲེམས་སྟོན། བརྗོད་དོན་གཙོ་བོའི་བྱེད་སྒོ་སོགས་རིགས་ཆེ་བ་8ཀྱི་བྱེད་སྒོ་ཁག་41སྤེལ་ཡོད།