འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་
དུ་2019ལོའི“སྨན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། “ཚེ་སྲོག་ལ་གཙིགས་ཆེན་དང་། ནད་བཅོས་སྲོག་སྐྱོབ། ལེགས་སྐྱེས་འབུལ་འདོད་པ། བརྩེ་སེམས་རྫོགས་མཐའ་མེད་པ་འཆང་བ”བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དར་སྤེལ་བཏང་ནས། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་ཆེད། “ཀྲུང་གོའི་སྨན་པ་དཀའ་བཅུ་པའི་དུས་ཆེན”ལ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྤྱི་ཚོགས་ཡོངས་ལ་2019ལོའི“སྨན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་བྱས་པ་རེད།
     ཝང་ཏུང་ཅིན་སོགས་འཕྲོད་བསྟེན་བདེ་ཐང་ལས་དོན་པ་10དང་ཀྲུང་གོའི་དང་བླངས་སྨན་པ་ཚོགས་པས་འཕྲོད་བསྟེན་བདེ་ཐང་བྱ་གཞག་གི་ཁྱབ་ཁོངས་མི་འདྲ་བར་འབད་འབུངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུས་ཡོད།
      ཁྱབ་བསྒྲགས་མཛད་སྒོ་གཉེར་ཡུལ་དངོས་སུ“སྨན་པ་ཡག་ཤོས”ཀྱི་སྔོན་ཐོན་བྱས་རྗེས་མཚོན་པའི་བརྙན་ཐུང་བསྟན་པ་དང་། ཁོང་ཚོའི་ལས་སྒྲུབ་མྱོང་ཚོར་བཅར་འདྲིའི་རྣམ་པར་བརྟེན་ནས་བརྗོད་པ་རེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གྱིས་ཁོང་ཚོར“སྨན་པ་ཡག་ཤོས”ཀྱི་གཟི་བརྗིད་ལག་ཁྱེར་སྤྲད་པ་རེད།