འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ན་ནིང་ཚུན་དུ་རྒྱལ་ཡོངས་སུ་གྲོང་སྡོད་རོགས་སྐྱོར་ལས་བྱེད་པ་མི་ཐེངས་ཁྲི་208གསོ་སྦྱོང་
བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲུང་ཆིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་19ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་གྲོང་སྡོད་རོགས་སྐྱོར་ལས་དོན་གསོ་སྦྱོང་འཛིན་གྲྭ་ནས་ཤེས་རྟོགས་བྱུང་བར། 2018ལོ་ནས་བཟུང་། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གྲོང་སྡོད་རོགས་སྐྱོར་ལས་བྱེད་པ་མི་ཐེངས་ཁྲི་208གསོ་སྦྱོང་བྱས་ནས། གྲོང་སྡོད་ལས་བྱེད་པ་ཁག་གཅིག་གི“ལས་ཀ་སྒྲུབ་འདོད་ཀྱང་སྒྲུབ་མ་ཤེས་པའི”གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་གྲོང་སྡོད་ལས་བྱེད་པའི་ལས་དོན་སྒྲུབ་ནུས་སྔར་བས་ཆེ་རུ་བཏང་བ་རེད།
     ཚེས་19ཉིན། རྒྱལ་ཡོངས་ཀྱི་གྲོང་སྡོད་རོགས་སྐྱོར་ལས་དོན་གྱི་གསོ་སྦྱོང་འཛིན་གྲྭ་ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས་སུ་གཉེར་བ་རེད། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཤིན་ཅང་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་དབུལ་སྐྱོར་གཞུང་ལས་ཁང་28ནང་སླེབས་པའི་འབྲེལ་ཡོད་འགན་འཁུར་བ་དང་གྲོང་སྡོད་ལས་བྱེད་པ་ཁག་གཅིག་ཚོགས་འདུར་ཞུགས་ཡོད། ཧོ་པེ་ཞིང་ཆེན་དང་། སི་ཁྲོན་ཞིང་ཆེན། ཡུན་ནན་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཁྲུང་ཆིང་གྲོང་ཁྱེར་ཆན་ཅང་ཆུས། ཧྥུའུ་ཅན་ཞིང་ཆེན་ཉིང་ཏེ་གྲོང་ཁྱེར། ཧྲའན་ཤིས་ཞིང་ཆེན་ཨན་ཁང་གྲོང་ཁྱེར་ཕིང་ལི་རྫོང་བཅས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་སྤེལ་རེས་བྱས་པ་རེད།