འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅།།ཀྲུང་གོ་གློག་འཕྲིན་གྱིས་རིགས་མང་བའི“5G+བརྙན་ལམ་ཆེ་མོ”བཀོལ་སྤྱོད་ཁྱབ་གདལ་
གཏོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཀྲུང་གོ་གློག་འཕྲིན་ཚོགས་པས་ཚེས་19ཉིན་པེ་ཅིང་དུ“5G+བརྙན་ལམ་ཆེ་མོ”བཀོལ་སྤྱོད་ཀྱི་མཉམ་ལས་རོགས་ཟླའི་གན་འཇོག་མཛད་སྒོ་ཁག་དང་པོ་འཚོགས་ནས། ཀྲུང་གོ་གློག་འཕྲིན་གྱིས་ཐོན་ལས་འཁོར་འབྲེལ་གྱི་མཉམ་ལས་རོགས་ཟླ་དང་མཉམ་དུ“5G+བརྙན་ལམ་ཆེ་མོར”རོགས་རམ་བྱེད་རྒྱུའི་འཆར་གཞི་ཡོད་པ། དེས་བརྙན་ལམ་ཧ་ཅང་གསལ་པོ་དང་། སྤྲིན་ཚོམ་རོལ་རྩེད། VRབརྙན་ལམ་སོགས་བཀོལ་སྤྱོད་གསར་པ་གང་མགྱོགས་ཁྱབ་གདལ་གཏོང་རྒྱུ་རེད།