འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་21ཉིན།

༄༅༎རང་རྒྱལ་གྱིས་བཟོས་པའི་རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ARJ21ས་མཐོར་ཐེངས་དང་པོ་འཕུར་སྐྱོད་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
འདི་ནི་གནམ་གྲུ་ARJ21ས་མཐོར་འཕུར་སྐྱོད་ཚོད་ལྟ་བྱེད་ཐེངས་དང་པོ་བྱེད་བཞིན་པ།
འདི་ནི་གནམ་གྲུ་ARJ21ས་མཐོར་འཕུར་སྐྱོད་ཚོད་ལྟ་བྱེད་ཐེངས་དང་པོ་བྱེད་བཞིན་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་8ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་19ཉིན་གྱི་ཕྱི་དྲོ། རང་རྒྱལ་གྱིས་བཟོས་པའི་རླུང་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ARJ21གིས་ཁུན་མིང་ནས་ལི་ཅང་དང་། ཤིས་ཧྲོང་པན་ནཱ་བརྒྱུད་ཁུན་མིང་དུ་ལོག་པའི་ལམ་ཐིག་ཏུ་འཕུར་སྐྱོད་བདེ་བླག་བྱུང་བ་དེ་ཐོག་ནས་གནམ་གྲུ་ARJ21ལྷོ་ནུབ་ས་ཁུལ་གྱི་ལམ་ཐིག་ཏུ་ཚོད་ལྟའི་འཕུར་སྐྱོད་བདེ་བླག་བྱུང་བ་མཚོན་ཞིང་།
     ད་ཐེངས་ཚོད་ལྟའི་འཕུར་སྐྱོད་བྱེད་སྐབས་གནམ་གྲུ་ARJ21གི་ས་མཐོར་འཕུར་ནུས་དང་དེ་བཞིན་ས་མཐོའི་གནམ་གྲུ་ཐང་དུ་འབབ་རྩལ་གཙོ་གནད་ཐོག་མངོན་པར་བྱས་ཏེ། ལྷོ་ནུབ་ས་ཁུལ་གྱི་མགྱོགས་མྱུར་འཕུར་སྐྱོད་ལམ་ཐིག་འཚོལ་ཞིབ་བྱས་པ་རེད།