འཚོལ་བཤེར།   
藏文频道
2019ལོའི་ཟླ་9ཚེས་24ཉིན།

༄༅༎དུས་རབས་གསར་པར་བསྟོད་གླུ་འབུལ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

 
༄༅༎དུས་རབས་གསར་པར་བསྟོད་གླུ་འབུལ།
     ཟླ་8ཚེས་18ཉིན་གྱི་དགོང་མོ། 2019ལོའི་ཀྲུང་གོའི་བོད་ལྗོངས་ཡར་ཀླུང་རིག་གནས་དུས་ཆེན་འགོ་ཚུགས་པ་དང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་ཟློས་གར་ཁང་དུ་ལྟད་མོ་ལྟ་མཁན་ཧ་ཅང་མང་པོ་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་རྒན་རྒོན་སྒྱུ་རྩལ་ཚོགས་པ་དང་། ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པ། གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པ་སོགས་ལས་ཞོར་རིག་རྩལ་ཚོགས་པས་ལྟད་མོ་བ་ཚོར“དུས་རབས་གསར་པར་བསྟོད་གླུ་ཕུལ·འཚོ་བ་གསར་པར་བསྔགས་བརྗོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྟད་མོ་ཆེ་བའི་འཁྲབ་སྟོན་བྱས་ཤིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱི་རྒན་རྒོན་སྒྱུ་རྩལ་ཚོགས་པས《གླུ་ཞིག་བླངས་ནས་ཏང་ལ་ཕུལ》ཞེས་པ་འཁྲབ་བཞིན་པ།