འཚོལ་བཤེར།   
藏文频道
2019ལོའི་ཟླ་8ཚེས་19ཉིན།

༄༅།།བོད་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་འགྲམ་དུ་
འཁྲབ་སྟོན་ཐེངས་དང་པོ་བྱས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 08ཚེས་19ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།བོད་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་འགྲམ་དུ་
འཁྲབ་སྟོན་ཐེངས་དང་པོ་བྱས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་16ཉིན་གྱི་དགོང་མོ། བོད་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་འགྲམ་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟློས་གར་འདིའི་ནང་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་དུ། འུན་ཤིང་ཀོང་ཇོའི་རྗེས་སུ་ཐང་རྒྱལ་རབས་ཀྱི་སྲས་མོ་བོད་དུ་མནའ་མར་ཕེབས་པའི་གཏམ་རྒྱུད་བརྗོད་ཡོད། དེ་ནི་བོད་ཀྱི་རིག་གནས་ཀྱི་ལོ་རྒྱུས་སྙན་ངག་ཟློས་གར་ཆེ་གྲས་《འུན་ཤིང་ཀོང་ཇོ》དང་མི་འདྲ་བ་ནི། 《གྱིམ་ཤིང་ཀོང་ཇོ》ཡི་ནང་གྱིམ་ཤིང་ཀོང་ཇོ་བོད་དུ་མནའ་མར་ཕེབས་རྗེས་ནུས་ཤུགས་ཆེན་པོས་གསོ་རིག་འཕེལ་རྒྱས་གཏོང་བ་དང་། ཆུ་བེད་འཛུགས་སྐྲུན། ཇ་རྟའི་ཚོང་ལམ་སྐུལ་ལྕག་གཏོང་རྒྱུར་བརྟེན་པ། བོད་ཀྱི་དཔལ་འབྱོར་རིག་གནས། ཞིང་ལས་ཐོན་སྐྱོད་སོགས་ཐད་ཤུགས་རྐྱེན་ཟབ་མོ་ལྡན་པས། བོད་རིགས་མང་ཚོགས་ཀྱིས་གུས་བཀུར་དང་བརྩི་བཀུར་ཟབ་མོ་ཞུ་བའི་སྐོར་བརྗོད་ཡོད།
   《གྱིམ་ཤིང་ཀོང་ཇོ》ཡི་ལག་བསྟར་འཁྲབ་ཁྲིད་པ་བསྟན་འཛིན་མཁའ་འགྲོ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས།   རྒྱལ་སྤྱི་ཅན་འབྲེལ་མཐུད་ཀྱི་གར་སྟེགས་ཟློས་གར་ཞིག་ཡིན་པའི་ཆ་ནས། 《གྱིམ་ཤིང་ཀོང་ཇོ》ནི་ཟློས་གར་གདོང་གཏུག་གི་གཏམ་རྒྱུད་ཀྱི་གཙོ་གནད་ཤུགས་ཆེ་ཞིང་། “སྔ་རྗེས་སུ་གྱིམ་ཤིང་ཀོང་ཇོས་ཕ་དང་ཁྱོ་ག་སྐུ་གཤེགས་པ་དང་རང་སྐྱེས་ཕྲུ་གུ་འཕྲོག་པ་སོགས་ཀྱི་སྡུག་བསྔལ་མྱོང་བ་བརྗོད་པ་དང་།  གཙོ་གནས་ཐོག་ཁོ་མོ་བུ་དང་བུ་མོའི་བརྩེ་གདུང་ལྡན་པའི་བུ་མོ་ཆུང་ཆུང་ཞིག་ནས་བྱམས་སེམས་ཆེ་བའི་བོད་ཀྱི་རྒྱལ་ཡུམ་ཞིག་ཏུ་གྱུར་བའི་སྐོར་བརྗོད་ཡོད་"ཅེས་བརྗོད་པ་རེད།
༄༅།།བོད་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་འགྲམ་དུ་
འཁྲབ་སྟོན་ཐེངས་དང་པོ་བྱས་པ།